དོ་ནུབ་ཁྱེད་རང་གང་དུ་ཡོད།
དོ་དགུང་། ངའི་སྡོད་གནས་ལྷིང་འཇགས་ཡིན་ཀྱང་།
ནམ་ཟླ་ཧ་ཅང་གྲང་། ལུས་སེམས་འཁྱག་སིབ་སིབ།
སེམས་ཁམས་དེའི་དབང་གིས། བསམ་གཞིག་བྱས།
བསམ་གཞིག་གི་ཀློང་ན། དྲན་གདུང་གི་མེ་རི་སྒྲེགས་སུ་འཕྱུར།
བག་ཆགས་དེའི་དབང་གིས། ཕྱིར་མདང་རེ་རྒྱབ།
ངའི་བྲང་གཞུང་ན། ཁྱེད་ཀྱི་རྐང་རྗེས་ཕབ་པ་སུབ་མེད་ཅིག
སྟེས་དབང་ཞིག་གིས། ཁྱེད་ཀྱི་འཕྲིན་ཡིག་དེ་བསྐྱར་ཀློག་བྱས།
ཤོག་སྣེའི་རེ་རའིེ་ཁྲོད། བཟོད་མེད་ཀྱི་དམར་པའི་གཏམ་རྒྱུད་ཅིག
འདུག་སྟངས་ཞིག་གིས། ངས་དུས་ཀུན་མགོ་བོ་ལག་པས་སྐྱོབ།
ངའི་བྲང་གཞུང་་་་་་་་་

for whom?
ReplyDeleteཁྲི་ཆུ་བཟང་ལགས།བཀྲ་ཤིས་བདེ་ལེགས།
ReplyDeleteལོ་འགར་མ་འཇལ་བས་རིང་ལ་ཁྱེད་རང་གང་དུ་གང་ཞིག་བྱེད་བཞིན་ཡོད་མེད་ཀྱང་མ་ཤེས་མོད།་འོན་ཀྱང་།ལམ་ཁ་འདི་བརྒྱུད་ནས་འབྲེལ་བྱེད་ཐུབ་སོང་བས་དགའ་བོ་བྱུང་།ལྷག་པར་དུ་ཁྱོད་ཀྱིས་སྒེར་གཉེར་དྲ་བ་ཞིག་ཀྱང་བཟོས་ཡོད་པས་བཀྲ་ཤིས་བདེ་ལེགས་ཞུ།བདག་གི་ཁ་བྱང་སོགས་ཁྱོད་ཀྱི་ངོ་དེབ་ནང་དུ་བཏང་ཡོད་པས་དེ་ལ་གཟིགས།
སྙན་ངག་འདི་ལ་བལྟོས་ན་ཁྱོད་རང་བརྩེ་དུང་གི་སྨྱོ་ཆུ་འཐུང་ཡོད་ས་རེད།ཧ་ཧ་ཧ་ཧ་ཧ་ཧ་
གྲོགས་JD ནས།