ཚེ་སྲོག་གི་གདམ་ངག་ཟབ་མོ།
དཀའ་ངལ་རེ་རེ་སེལ་བར་ཐབས་ལམ་རེ་ཡོད། གལ་ཏེ། དཀའ་ངལ་དེ་ཡང་ནང་སེམས་སུ་ཡོད་ན། ཐབས་ལམ་དེ་ཡང་ནང་སེམས་སུ་ཡོད་ངེས།
--སུ་ལྦན་མེ་བྷུ་རམ་སྒྲེ།
མཚན་མོ་དེ་ཆེས་མུན་ནག་ཡིན་སྐབས། སྐྱ་རེངས་དེ་ཆེས་ཐག་ཉེ་ཡིན།
--ཨོའོ་ཞོ།
མཛེས་སྡུག་ནི་སེམས་ཁོངས་སུ་ཅི་ཞིག་ཚོར་སྣང་བྱུང་བ་དེ་དང༌། ཁྱེད་ཀྱི་མིག་ཟུང་ཁྲོད་གནད་དུ་སྨིན་པ་དེ་རེད། མཛེས་སྡུག་ནི་ཕྱིའི་དངོས་པོའི་ཁྱད་ཆོས་དེ་མིན་ནོ།
--སོ་ཧྥེ་ཡ་ལོ་རམ།
མཛེས་སྡུག་ནི་གདོང་གི་མཛེས་སྡུག་དེ་མིན་ལ། མཛེས་སྡུག་ནྀ་སེམས་ཁོངས་ཀྱི་འོད་སྣང་ཞིག་རེད།
--ཁད་ལེ་རྗེ་བྷུ་རམ།
གོམས་གཤིས་ནི་གློག་སྐུད་ཅིག་དང་འདྲ། ང་ཚོས་དེའི་སྐུད་པ་རེ་ལུས་ལ་ཉིན་ལྟར་དཀྲི་བཞིན་ཡོད་པས། མཇུག་མཐར་ང་ཚོས་སྐུད་པ་དེ་གཅོད་མི་ཐུབ།
--ཧོ་རད་སི་མན།

No comments:
Post a Comment