མ་འོངས་པའི་ལོ་ངོ་ཆིག་སྟོང་ནང་དུ་ང་ཚོའི་གོ་ལ་འདི་འཇིག་རྒྱུ་རེད།

དུས་རབས་ཉེར་གཅིག་པའི་ཚན་རིག་གི་ཡབ་ཆེན་སུ་ཏྲེལ་ཧྥེན་ཧོ་ཁེན(Stephen Howking)མཆོག་གིས་གསུང་དོན།ད་ལྟ་ང་ཚོའི་གོ་ལ་ཟླུམ་པོ་འདི་མ་འོངས་པའི་ལོ་ངོ་ཆིག་སྟོང་ནང་དུ་རང་བྱུང་གི་རྐྱེན་ངན་་སོགས་ཀྱིས་འཇིག་རྒྱུ་ཡིན་པས།
ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ངེས་པར་དུ་གོ་ལ་གཞན་པ་ཞིག་འཚོལ་བར་འབད་པ་བྱེད་དགོས།ཡིན་ནའང་།དེ་འདྲའི་འཇིག་པ་ནི་དུས་ཡུན་ཐུང་ངུ་སྟེ་ལོ་ངོ་བརྒྱ་ཕྲག་ནང་དུ་འབྱུང་མི་སྲིད།བདག་ནི་མིི་སྤྲོ་སྣང་ཅན་ཞིག་ཡིན་པས་འགྲོ་བ་མིའི་རིགས་ཀྱི་ཚན་རིག་ལག་རྩལ་ཉིན་ལྟར་འཕེལ་བར་བརྟེན་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ནས་མིའི་རིགས་འཚོ་སྡོད་ཆོག་པའི་གོ་ལ་གཞན་པ་ཞིག་གི་སྟེང་དུ་གནས་སྤོ་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཅེས་གསུངས།གོང་གི་གསུང་དུམ་འདི་ཕྱི་ལོ་༢༠༡༢ལོའི་ཟླ་༠༡་ཚེས་༨ཉིན་ཚན་རིག་ཡབ་ཆེན་ཁོང་ཉིད་དགུང་ལོ་བདུན་ཅུ་ལོན་པའི་འཁྲུངས་སྐར་གྱི་ཉིན་མོར་ཕུལ་བའི་གསུང་འཕྲིན་ཞིག་ཡིན་ནོ།།

No comments:

Post a Comment