ཆ་ཚང་བའི་མི་ཚེའི་ཚད་གཞི།
མར་ཌིན་ལུ་རྡར་ཁེན་གྱིས་བརྩམས།ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
དུས་རབས་མང་པོ་ཞིག་གི་ཡར་སྔོན་དུ། རྗོན་ཟེར་བའི་མི་ཞིག་''ཕད་ཁྲི་མ་སུ''་Patmas་ཞེས་པའི་མུན་ནག་གི་གླིང་ཕྲན་ཞིག་གིི་བཙོན་ཁང་ནང་དུ་ཁེར་རྐྱང་ངང་གནས་པ་དང་། དེ་འདྲའི་གནས་སྟངས་ཁྲོད་དུ། ཁོ་ལ་ལྷ་ཡུལ་ནས་བབས་པའི་''ཇེ་སུ་ས་ལེམ་''(འཇིའུ་མི་རེིགས་དང་ཡི་ཤུ་པ་རྣམས་ཀྱིས་གནས་ཆེན་ད་བརྩི་བའི་གྲོང་ཁྱེར་ཞིག་ཡིན་ནོ།)གསར་བ་ཞིག་གི་འཆར་སྣང་མངའ་བས།
རྗོན་གྱིས་མཐོང་མྱོང་བའི་ཆེས་གཟི་བརྗིད་ལྡན་པའི་ཁྲོད་ཀྱི་ལྷའི་གྲོང་ཁྱེར་གཅིག་བུ་དེ་ནི་ཕུན་སུམ་ཚོགས་པ་དེ་ཡིན་ནོ། །དེའི་ཆ་ཤས་དང་ཟུར་གཅིག་ཙམ་ཡང་མིན་པར་དེའི་ཚད་གཞི་ཕྱོགས་གསུམ་ཡོངས་སུ་ཆ་ཚང་བ་ཡིན་པས། གྲོང་ཁྱེར་དེའི་འགྲེལ་བཤད་ཁྲོད་དུ། རྗོན་གྱིས་གྲོང་ཁྱེར་དེའི་མཐོ་ཚད་དང་། ཞེང་ཁ།
རིང་ཚད་བཅས་ནི་གཅིག་མཚུངས་ཡིན་པར་གསུང་།
དེ་ཡང་བཤད་སྲོལ་གཞན་པ་ཞིག་གི་ཁྲོད་དུ་ལྷ་ཡི་གྲོང་ཁྱེར་གསར་པ་འདི་ནི་འགྲོ་བ་མིའི་རིགས་ཀྱི་གྲོང་ཁྱེར་དེ་དང་ངོ་བོའི་ཆ་ནས་ཆ་མི་སྙོམ་མོད། འོན་ཀྱང་།
དེའི་ཟུར་ངོས་ཡོད་ཚད་ཆ་ཚང་བ་ཡིན་ནོ།
།རྗོན་གྱིས་འདིར་ཧ་ཅང་གལ་གནད་ཅན་ཞིག་གླེང་བཞིན་ཡོད་པ་ནི། མི་ཚེའི་མཆོག་དུ་གྱུར་བ་དང་ངེས་པར་དུ་སྒྲུབ་དགོས་པ་ནི་མི་ཚེའི་མཐོ་ཚད་དང་། ཞེང་ཁ།
རིང་ཚད་རྣམས་ཀྱི་ཟུར་ངོས་ཡོད་ཚད་ཆ་ཚང་བ་བྱེད་རྒྱུ་དེ་ཡིན་ནོ།།
ང་ཚོས་འདིར་བཀོད་སྤྱོད་བྱེད་པའི་མི་ཚེའི་རིང་ཚད་ནི་དེའི་དུས་ཡུན་མ་རེད། དེའི་ཚེའི་ཚད་རེད་མོད། འོན་ཀྱང་།
དེ་ནི་མི་བུ་སྒེར་གྱི་མཐའ་མའི་དམིགས་འབེན་དེ་འགྲུབ་ཆེད་དུ་ཕྱོགས་པའི་མི་ཚེ་ཞིག་གི་འབད་རྩོལ་ཆེན་པོ་དེ་ཡིན་ནོ། །དེ་ནི་གང་ཞིག་གི་བདེ་སྡུག་ཆེད་དུ་ནང་དུ་ཕྱོགས་པའི་སེམས་འཁུར་དེ་རེད། མི་ཚེའི་ཞེང་ཁ་ནི་གཞན་གྱི་བདེ་སྡུག་ཆེད་དུ་ཕྱི་རུ་ཕྱོགས་པའི་སེམས་འཁུར་དང་།མི་ཚེའི་མཐོ་ཚད་ནི་
གྱེན་དུ་ཕྱོགས་པའི་དཀོན་མཆོག་གི་མདུན་དུ་བསླེབ་པའི་ཆེད་དུ་ཡིན་ནོ།།
དང་པོ། མི་ཚེའི་རིང་ཚད།
ང་ཚོས་མི་ཚེའི་རིང་ཚད་དེ་མགོ་རྩོམ་པར་བྱེད། མི་བུ་ཞིག་གིས་ནང་སེམས་ཀྱི་ནུས་སྟོབས་ཡར་རྒྱས་འགྲོ་བར་འགན་འཁྲིད་པ་ནི་མི་ཚེའི་ཚད་གཞི་རེད། ཚོར་ཤེས་ཞིག་གི་ཁྲོད་ན་འདི་ནི་མི་ཚེའི་རང་གཅེས་འཛིན་གྱི་ཚད་གཞི་རེད། འདིར་འདི་འདྲའི་རང་ཁེ་དོན་གཉེར་དང་བསྡུར་བའི་རྒྱུ་མཚན་མངའ་སྟེ། གལ་སྲིད་ང་ཚོས་གཞན་གྱི་ཆེད་དུ་སེམས་ཁུར་བྱས་ན།
ང་ཚོས་རང་ཉིད་སྐོར་ལ་སེམས་ཁུར་བྱས་པ་རེད་ཟེར། མི་མང་པོ་ཞིག་ལས་དབང་སྨྲ་བའི་རང་ལུགས་ཀྱི་གཡང་ས་རུ་ཧོབ་རྒྱུག་བྱེད་མྱོང་བས། ཁོང་ཚོས་རང་ཉིད་ལ་ཚུལ་མཐུན་གྱི་བརྩེ་བ་སྤྲད་མྱོང་མེད། ང་ཚོའི་རིག་རྩལ་གྱི་བསྟི་གནས་དང་། འཚོ་བའི་བྱ་བཞག ང་ཚོས་ཅི་ཞིག་གི་ཆེད་དུ་གསར་རྟོགས་བྱེད་པར་མདུན་དུ་བསྐྱོད་པར་ང་ཚོ་ལ་ཁྲིམས་མཐུན་གྱི་འགན་འཁྲི་ཞིག་ཡོད་པ་ནི་མི་ཚེའི་རིང་ཚད་ཀྱི་ཚད་གཞིར་འཁུམས། ང་ཚོས་དེ་ཉིད་གསར་རྟོགས་བྱས་པའི་རྗེས་སུ། ང་ཚོར་མངའ་ཐང་དང་སྟོབས་ཤུགས་ཀྱིས་འཚོ་བའི་བྱ་བཞག་སྒྲུབ་པར་འགན་འཁྲི་ཡོད་པ་དང་དམ་བཅའ་ཡོད་ཚད་ང་ཚོས་སྒྲུབ་ཐུབ་ངེས། མི་སུས་ཀྱང་དེ་འདྲའི་ཕུལ་བྱུང་གི་བྱ་བཞག་སྒྲུབ་མི་ནུས་པ་དེ་ང་ཚོས་ངེས་པར་དུ་བསྒྲུབ་དགོས།མི་ཚེ་འདིར་དགེ་སྡིག་གི་བྱ་བཞག་ཅི་ཞིག་འབྱུང་རུང་སྐྱོན་མེད་པ་མི་བུ་རང་ཉིད་ཀྱིས་རྟོགས་དགོས།མི་ཚེའི་བྱ་བཞག་འདི་འགྲོ་བ་མིའི་ཡར་རྒྱས་ཆེད་དུ་ཡིན་ཚེ།དེ་ལ་གནད་འགག་ཆེན་པོ་ཡོད་དོ།།མི་རེ་རེ་ནས་རླབས་ཆེན་གྱི་བྱ་བཞག་ཐམས་ཅད་སྒྲུབ་ཐུབ་པ་མིན་པས།གལ་ཆེན་གྱི་ཐབས་ལམ་ཁྲོད་དུ་ལས་ཀ་ཆུང་ངུ་རེ་སྒྲུབ་པར་འདོད་པ་ཡོད་པའི་མི་བུ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་ཐབས་ལམ་ཁྲོད་དུ་ལས་ཀ་དཀྱུས་མ་རེ་ངེས་པར་དུ་སྒྲུབ་དགོས།གང་ཞིག་གིས་བྱ་བཞག་འདི་རྟོགས་པ་དང་རང་ཉིད་ཀྱི་སྒེར་དོན་བསྐྱུར་སྐབས།ད་གཟོད་མི་བུ་དག་གིས་གཞི་ནས་མི་ཚེའི་རིང་ཚད་དེ་གཙོ་བོ་བྱེད་ངེས།ཡིན་ན་ཡང་།ང་ཚོས་འདིར་ནམ་ཡང་མཚམས་འཇོགས་བྱེད་མི་རུང་།
གཉིས་པ། མི་ཚེའི་ཞེང་ཁ།
མི་རེ་འགའ་མི་ཚེའི་ཚད་གཞི་དང་པོ་དེའི་ཕ་རོལ་ན་ནམ་ཡང་འབྱོར་མེད།ཁོང་ཚོ་ནི་དུས་ཀུན་ཁྱད་དུ་འཕགས་པའི་མི་དེ་ཡིན་པ་དང་ཁོང་ཚོས་ནང་སེམས་ཀྱི་ནུས་ཤུགས་དེ་རླབས་ཆེན་གྱི་རྒྱ་ཁྱབ་ཅིག་ལ་གོང་འཕེལ་དུ་གཏོང་བ།འོན་ཀྱང་།ཁོང་ཚོ་འཇིག་རྟེན་འདིར་མི་སུ་དང་གང་ཡང་མེད་པ་ནང་བཞིན་འཚོ་ཞིང་གནས་པ།
No comments:
Post a Comment