བུད་མེད་རྣམས་ཀྱི་སྐད་གདངས་ཅིའི་ཕྱིར་སྙན་མོ་ཡིན།

རྒྱ་གར་ཤེས་བྱ་དུས་དེབ་ལས།ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
སྤྱིར་བུད་མེད་རྣམས་ཀྱི་སྐད་གདངས་ནི་སྐྱེས་པ་རྣམས་ལས་སྙན་མོ་ཡིན་པ། ཕོ་རྣམས་ལ་ལོ་བཅུ་གཅིག་དང་ཡང་ན་བཅུ་གཉིས་བར་དུ་མོ་རིགས་ཀྱི་སྐད་གདངས་ཇི་བཞིན་ཡོད། ཡིན་ནའང་། ཕྱིས་སུ་དེ་འཛེར་སྐད་དུ་འགྱུར་བར་མགོ་བཟུང་བ། སྤྱིར་བཏང་ལོ་བཅུ་གཅིག་ནས་བཅུ་གསུམ་གྱི་ལོ་ཚོད་ལ་དར་མ་ཟེར། དུས་སྐད་འདིར་རྨེན་བུ་འགའ་ཡིས་སྐུལ་རྒྱུད་རྣམས་སྤེལ་བར་ངེས་པ།


སྐུལ་རྒྱུད་འདི་རྣམས་ཀྱིས་ཕོ་མོ་རྣམས་ཀྱི་གཟུགས་པོ་ཁྲོད་འགྱུུར་ལྡོག་མང་པོ་ཐེབས་པ། ཕོ་རྣམས་ཀྱི་གཟུགས་པོས(testosterone)་ཟེར་བའི་སྐུལ་རྒྱུད་ཞིག་སྤེལ་བ། དེ་ནི་སྐད་གདངས་འཕོ་འགྱུར་ཆེད་དུ་འགན་འཁྲི་གཙོ་བོ་བྱེད་པ་ཞིག་རེད། སྐུད་རྒྱུད་འདི་ནི་བུ་མོ་རྣམས་ཀྱི་གཟུགས་པོ་ཁྲོད་དུ་སྐྱེད་སྤེལ་མེད་ནའང་། ད་དུང་ཁོ་ཚོའི་སྐད་གདངས་ཁྲོད་དུ་འགྱུར་ལྡོག་ཕྲ་མོ་ཐེབས་ཡོད་པས། འགྱུར་ལྡོག་དེ་ནི་ཁོ་ཚོའི་ཡ་འགྲམ་དང་། རྣ་དང་། ཁ་དང་། མགྲིན་པའི་སྐྱེ་སྟོབས་དེ་ལས་ལྷག་པའི་རྐྱེན་གྱིས་གཙོ་བོ་བྱུང་བ། གོང་གི་རྐྱེན་འདི་དག་གིས་ཤན་ཤུགས་ཁྲོད་ནས། བུད་མེད་རྣམས་ལ་སྐྱེས་པ་རྣམས་ལས་སྐད་གདངས་སྙན་མོ་ལྡན་པའོ།།


No comments:

Post a Comment