གངས་མཚོ། ངའི་སྙན་ངག་གི་སྲོག་ཤིང༌།
དེ་རིང༌། ལྕགས་སྨྱུག་འདི་མཛུབ་རྩེ་རུ་བཟུང་བ་ན།
གངས་མཚོ། ཁྱོད་ནི་ངའི་སྙན་ངག་གི་བརྗོད་བྱ་རུ་གྱུར།
ཁྱོད་དང་ངའི་སྙན་ངག་བར་ལ་ཡུན་རིང་གི་གཏམ་རྒྱུད་ཡོད་པས།
སེམས་པ་འདི་ང་དང་ངའི་ལག་པས་སྐྱོར་བཞིན།
སྙན་ངག་འདི་ང་དང་ངའི་མིག་ཆུས་བརླན་བཞིན།
གཏམ་རྒྱུད་ཞིག ངས་འདི་ལྟར་བསམ་བཞིན་འདི་ལྟར་གླེང་འདོད་སྤྲོ།
གངས་མཚོ། ཁྱོད་ལ་གླེང་མི་ཚར་བའི་གཏམ་རྒྱུད་མང༌།
ང་དང་ངའི་སྨྱུག་རྩེ་ན་བྲིས་མི་ཚར་བའི་སྙན་ངག་མང༌།
སྙན་ངག་དང་འཇིག་རྟེན་ལ་འུ་གཉིས་ཀྱིས་སེམས་དང་སེམས་པ་གླེན་ཞོར།
མིའི་སེམས་ནས་སྐད་ཆ་གླེང་ཞིང༌། མིའི་སེམས་ནས་སྐད་ཆ་ཉན་མྱོང༌།
སེམས་ཀྱི་སྐད་ཆ་དེ་སེམས་ཀྱིས་ཚོར་ཞིང་རྣ་བས་ཐོས་སྐབས།
གཏམ་རྒྱུད་དང་སྙན་ངག་གི་འཇིག་རྟེན་ལ་ད་གཟོད་དྲོད་སྣང་སྦྱིན།
སང་ཉིན། ཁྱོད་རང་ཁྱོད་ཀྱི་གཏམ་རྒྱུད་ཀྱི་འཇིག་རྟེན་ལ་བུད་འགྲོ།
གངས་མཚོ། ང་རང་ངའི་སྙན་ངག་གི་འཇིག་རྟེན་དུ་འཚོ་ཞོར།
ཁ་དོག་མི་འདྲ་བའྀ་འུ་གཉིས་ཀྱི་འཇིག་རྟེན་འདིའི་ཆེད་དུ།
ངའི་སེམས་ཀྱི་སྒེའུ་ཁུང་གིས་ཁྱོད་ལ་རྒྱང་ལྟ་བྱེད་ངེས།
ངའི་སྨྱུག་རྩེ་ནས་ཁྱོད་ཀྱི་གཏམ་རྒྱུད་ནམ་ཡང་བོར་མི་སྲིད།

སང་ཉིན། ཁྱོང་རང་ཁྱོད་ཀྱི་འཚོ་བའི་དམིགས་འབེན་དེ་སླད་དུ། སྨད་རྒྱ་ནག་གི་གྲོང་ཁྱེར་ཞིག་ལ་བུད་འགྲོ། དེ་བས་བདག་གིས་རྒྱང་རིང་མིན་པའི་རྒྱང་རིང་གི་ས་མཐའ་སྟེ། ཆུ་བོ་གངྒའི་འགྲན་ནས་སེམས་ངལ་དང་ན་ཟུག་གི་སྐད་ཆ་སྨྱུག་ཁ་ནས་འདི་ལྟར་ཤོར་ཐལ།
ReplyDeletewa wa wa its real/it is pure love,but,yo have ,,,,,,,,,,,,,,,,,,,,,,,?
ReplyDelete