རང་དབང་ཆ་ཚང༌།
ས་བཅད་དང་པོ། མི་ཚེའི་སྟོད་ཀྱི་བྱ་བཞག
ཁི་རི་ཤི་ན་མུར་ཏི་མཆོག་ནི་ཕྱི་ལོ་༡༨༩༥ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་གསེབ་མ་ངྷམ་པ་ལའི་བྲམ་ཟེའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་ཤིང༌། ཁོ་རང་དགུང་ལོ་བཅུ་ཙམ་ལོན་སྐབས་ཨ་མ་ཚེ་ལས་འདས་པ་དང༌།
ཁོང་གི་བྱིས་པའི་གནས་སྐབས་སུ་ཁོང་ལ་ཛ་དྲག་གི་དོན་རྐྱེན་ཡང་ནས་བསྐྱར་དུ་བྱུང༌མྱོང་། ཁོང་གི་ཡབ་ཆེན་མཆོག་སྲིད་གཞུང་གི་ལས་ཀ་ནས་རྒན་ཡོལ་བྱེད་སྐབས། ཡབ་ཆེན་མཆོག་གིས་ཁོ་རང་རྒྱལ་སྤྱིའི་ལྷ་ལམ་ཚོགས་པའི་ཚོགས་གཙོ་ཨན་ནེ་བྷེ་སཱན་ཊི་དང་ལྷན་དུ་གོ་སྒྲིག་བྱས་ནས། སྒྲིག་འཛུགས་དེར་ཕྱག་ལས་སྒྲུབ་པར་ལོ་ཤས་རིང་དེ་ཡི་ཚོགས་མིར་བསྡད་མྱོང༌། དེ་ནས་ཁོ་རང་ལོ་ངོ་བཅུ་བཞི་རུ་སོན་སྐབས་རང་ཉིད་ཀྱི་སྤུན་མཆེད་གསུམ་དང་ཡབ་ཆེན་ལྷན་དུ་མ་ངྷིར་མངའ་སྡེ་ནང་གི་ལྷ་ལམ་སྤྱི་ཁྱབ་ལས་ཁུངས་སུ་གནས་སྤོར།
Part one Early works
Jiddu krishnamurti was born in
1895 into a modest Bramin home in madanapalle, india. His mother died when he
was ten, and during his childhood he was delicate and frequently ill. When his
father retired from government, he arranged with Annie Besan, the President of
the International Theosophical Society, to work for this organization of which
he had been a member for some years. Krishnamurti, then in his fourteenth year,
moved with three of his brothers and his father to the Theosophical
headquarters in Madras.
ལྕམ་བྷེ་སཱན་ཊི་དང་ཁོང་གཉིས་བར་ལ་མཛའ་བརྩེ་ལྡན་པའི་འཆིང་ཐག་ཟབ་མོ་ཆགས་པ་དང་མོ་ནི་ཁོང་གི་ཁྲིམས་མཐུན་གྱི་ལྟ་སྐྱོང་དུ་གྱུར། ‘ལྷ་ལམ་པ་’རྣམས་ཀྱིས་འཛམ་གླིང་གི་སློབ་དཔོན་ཞིག་བྱོན་པར་རེ་སྒུག་བྱས་ཏེ་ཤར་ཕྱོགས་ཀྱི་སྐར་མའི་སྡེ་ཚན་ཟེར་ནས་ཚོགས་པ་ཞིག་བཙུགས་ཤིང་ཁི་རེ་ཤི་ན་མུར་ཏི་མཆོག་ནི་ཚོགས་པ་དེའི་མགོ་ཁྲིད་ཆགས་པར་གྲ་སྒྲིག་བྱས། ཕྱི་ལོ་༡༩༡༢་ལོར་ཁི་རི་ཤི་ན་མུར་ཏི་མཆོག་ནི་འགྲོ་ལུགས་ལྟར་འཛམ་གླིང་གི་སློབ་དཔོན་ཡིན་པར་བསྒྲགས་གཏམ་སྤེལ། འོན་ཀྱང༌། ཕྱི་ལོ་༡༩༢༩ལོར་ཁོང་གིས་”བདེན་པ་ནི་ཤུལ་ལམ་དང་བྲལ་བའི་ཡུལ་གྲུ་ཞིག་རེད”་ཅེས་ཁོང་གི་ཆོས་ཕྱོགས་ཀྱི་གཞི་རྩའི་གསུང་བཤད་དང་ལྷན་ཏུ་ཚོགས་པ་དེ་དང་ཐ་དད་དུ་གྱེས་པ་རེད། དེ་ལྟར་སྒྲུབ་ནས་ཁོང་གིས་གོ་གནས་དང༌། དངུལ་སྒོར། དབང་ཐང༌། བླ་མའི་གནས་བབས་ཡང་ན་འཛམ་གླིང་གི་སློབ་དཔོན་ཡིན་པར་བརྗོད་པ་རྣམས་ཀྱང་ཞལ་བཞེས་མ་གནང་བ་རེད།
A deeply affectionate bond formed
between Mrs Besant and Krishnamurti, and she became his legal guardian. The
theosophists had been awaiting the advent of a “World Teacher”, to prepare for
whose coming they had formed a group known as the Orther of the Star in the
East, with Krishnumurti at its head. In 1912 Krishnumurti was formally
proclaimed the World Teacher, but in 1929 he disbanded the Order with his
spiritually radical speech “Truth Is a pathless Land” By doing so he rejected
estates, money, power, and all claims to authority or guru status.
ཁོང་གི་མི་ཚེ་ལྷག་མ་རྣམས་ནིག་རྫི་ལན་དང༌། ཨོ་སི་ཀྲི་ལི་ཡ ། ཨ་རི། བྱང་ཨ་རི། རྒྱ་གར། ཡུ་རོབ་ཀྱི་རྒྱལ་ཁབ་ནང་དུ་ཕེབས་ནས་མི་མང་སྟོང་ཕྲག་མང་པོར་གསུང་བཤད་རྒྱ་ཆེར་གནང། ས་བཅད་འདིར་ཕྱི་ལོ་༡༩༣༠ཡས་མས་སུ་ཁོང་གིས་གསུང་བཤད་གནང་བའི་ཁྲོད་ནས་དྲག་འདེམ་ཞིག་འདུས་ཡོད། གསུང་བཤད་གཅིག་ནི་མེད་སེ་ཁོད་གྲོང་ཁྱེར་དུ་གནང་བ་ཞིག་དང༌། གཞན་པ་ཞིག་ནི་འཛམ་གླིང་དམག་ཆེན་གཉིས་པའི་༼༡༩༣༩_༡༩༤༥༽སྐབས་སུ་ཁི་རི་ཤི་ན་མུར་ཏི་ཁོང་ཉིད་མི་ཚེ་བསྐྱལ་མྱོང༌བའི་ཁོད་ལེ་ཧྥོ་ནེ་ཡ་རུ་ཕྱི་ལོ་༡༩༣༤་ལོར་དེར་གསུང་བཤད་གནང་བ་ཡང་རིམ་བཞིན་འདི་ཡི་ཁོངས་སུ་བརྩིས་ཡོད།
For the rest of his life he travelled extensively, giving
talks to all who cared to listen in Europe, India, the United States, South
America, Australia, and New Zealand. Thousands from all walks of life came to
hear him. This part comprises a selection from his talks giving in the
mid-1930. It includes one given in Mexico City and a series given in 1934 in
ojai, California, where Krishnumurti later spent the years of World War II
(1939 to 1945)
ལེའུ་དང་པོ།
ངས་ཅི་ཞིག་སྒྲུབ་དགོས་པ་རེད།
༡༽དེ་ནི་ཁྱེད་རང་གིས་ཅི་ཞིག་སྒྲུབ་དགོས་པ་དེ་རེད་དམ། གལ་ཏེ། ཁྱེད་ཀྱིས་ང་ཚོ་ཚོགས་པ་གང་རུང་ལ་འཛུལ་ཞུགས་དང༌།
ཡང་ན། གཞུང་ལུགས་ངེས་གཏན་ཞིག་ངོས་ལེན་བྱེད་པར་མི་འདོད་ན། དེ་ན་ཁྱེད་རང་གིས་སྒྲུབ་དུ་འཇུག་དགོས་པ་དེ་ཅི་ཞིག་རེད་ཅེས་ཁྱེད་ཀྱིས་བཀའ་འདྲི་གནང་སྲིད།
WHAT I WANT To Do
1)You may ask, “What is it that
you want to do? If you don’t want us to join any society or accept certain
theories, what is it then that you want to do?”
༢༽ངས་ཅི་ཞིག་སྒྲུབ་འདོད་པ་ནི། ལག་ལེན་ཡང་དག་པ་དང་མཐར་ཕྱིན་པ་ཞིག་བརྒྱུད་ནས་ཁྱེད་རང་སྐྱེས་བུ་སྒེར་ཞིག་རྙོག་འཛིང་དང་འཐད་རྩོད། སྡུག་བསྔལ་གྱི་ཆུ་ཀླུང་དེ་ཡི་ཕ་རོལ་ཏུ་བརྒལ་བར་རོགས་རམ་ཞིག་བྱེད་འདོད་པ་དང་། ལག་ལེན་དེ་’’རང་ཤེད་ཀྱི་རྣམ་འགྱུར’’་ལ་བརྟེན་ནས་མི་འོང་པ་མ་ཟད། ལད་ཟློས་དང་བཙན་ཤེད་ལ་བརྟེན་ནས་ཀྱང་མི་འོང༌། ང་ཚོས་ན་ཟུག་དང་སྡུག་བསྔལ་གྱི་ཆུ་ཀླུང་དེར་བསམ་བློ་རྣམ་དག་ཅིག་དང་རིག་པའི་རྩལ་ལ་བརྟེན་ནས་ཕ་རོལ་ཏུ་བརྒལ་བ་མ་གཏོགས། མཇུག་སྡོམ་དང་ངེས་མེད་ཀྱི་བསམ་བློ་བརྒྱུད་ནས་མི་འོང། འདིར་ལག་ལེན་ཡང་དག་པ་དང་མཐར་ཕྱིན་པ་ཁོ་ནར་བརྟེན་ནས་རྟོགས་ཐུབ་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལྡན་པ་རེད།
2)What I want to do is help to
you, the individual, to cross the stream of suffering, puzzlement and conflict,
through deep and complete fulfillment. This fulfillment does not come through egotistic
self-expression, not through compulsion and imitation. Not
through some fantastic sentiment and conclusions, but through clear thinking,
through intelligent action, we shall cross this stream of pain and sorrow.
There is reality which can be understood only through deep and true
fulfillment.
No comments:
Post a Comment