སུ་ཝན་མེས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
གྲོང་གསེབ་ཅིག་གི་གཙང་བོའི་འགྲན་ན་བུ་ཆུང་ཞིག་རྩེད་མོ་རྩེ་བཞིན་པའི་སྐབས་སུ། གློ་བུར་དུ་ང་སྐྱོབ་རོགས་ཟེར་བའི་སྐད་ཅིག་ཐོས། ཆུ་སྲིན་ཞིག་དྲ་བར་ཚུད་ནས་ང་སྐྱོབ་རོགས་ཟེར་ནས་སྐད་བརྒྱབ་པས། བུ་ཆུང་གིས་ཆུ་སྲིན་དེ་གློད་ན་རང་ཉིད་ཟས་ཡོང་སྙམ་པའི་ཐེ་ཚོམ་སྐྱེས་མོད།
འོན་ཀྱང༌། ཆུ་སྲིན་གྱིས་བུ་ཆུང་དེ་ལ་རེ་འདུན་ཞུས་ནས། ངས་ཁྱེད་མི་ཟ་ཞེས་དམ་བཅས་པ་རེད། དེ་ནས་བུ་ཆུང་གིས་ཆུ་སྲིན་དེ་དྲ་བར་བཅུག་ཡོད་པའི་དྲ་བ་རྣམས་གཏུབ་འགོ་བརྩམས། ཆུ་སྲིན་གྱི་མགོ་དྲ་བ་ལས་ཕྱི་ལོག་ལ་ཐོན་མ་ཐག་བུ་ཆུང་དེའི་རྐང་བ་ཆུ་སྲིན་གྱི་མཆེ་བ་གཉིས་ཀྱི་བར་དུ་བཟུང༌།
འོན་ཀྱང༌། ཆུ་སྲིན་གྱིས་བུ་ཆུང་དེ་ལ་རེ་འདུན་ཞུས་ནས། ངས་ཁྱེད་མི་ཟ་ཞེས་དམ་བཅས་པ་རེད། དེ་ནས་བུ་ཆུང་གིས་ཆུ་སྲིན་དེ་དྲ་བར་བཅུག་ཡོད་པའི་དྲ་བ་རྣམས་གཏུབ་འགོ་བརྩམས། ཆུ་སྲིན་གྱི་མགོ་དྲ་བ་ལས་ཕྱི་ལོག་ལ་ཐོན་མ་ཐག་བུ་ཆུང་དེའི་རྐང་བ་ཆུ་སྲིན་གྱི་མཆེ་བ་གཉིས་ཀྱི་བར་དུ་བཟུང༌།
བུ་ཆུང་གིས་ཁྱེད་ནི་ཅི་འདྲའི་རྒྱུ་འབྲས་མེད་པ་ཞིག་རེད་ཟེར་ནས་སྐད་བརྒྱབ་པས། ཆུ་སྲིན་གྱིས་བཤད་རྒྱུར། འདི་ནི་མི་ཚེའི་འགྲོ་སྟངས་དང་ངའི་འཚོ་བ་ཡིན་པས་ཇི་ལྟར་བྱེད་ཅེས་སྨྲས། བུ་ཆུང་གིས་རང་ཉིད་འཆི་བར་སྐོར་ལ་སེམས་ཁྲལ་གང་ཡང་བྱས་མེད། བུ་ཆུང་དེའི་རྐང་པ་ཆུ་སྲིན་གྱི་ཁ་ནང་ལ་ཐུར་དུ་ཉིལ་སྐབས། བུ་ཆུང་གིས་ཤིང་སྡོང་ཞིག་གི་སྟེང་དུ་བྱེའུ་ཞིག་ཡོད་པ་མཐོང་ནས། བྱེའུ་ལ་སྐད་ཆ་འདི་ལྟར་དྲིས་ཏེ། ཆུ་སྲིན་གྱི་སྐད་ཆ་དྲང་མོར་བརྗོད་བཞིན་འདུག་གམ། འཚོ་བ་ནི་དྲང་བདེན་མིན་པ་ཡིན་ནམ། སྐད་ཆ་འདི་དག་ནི་བདེན་པ་ཡིན་ནམ་ཞེས་བརྗོད། བྱེའུ་དེས་འདི་ལྟར་སྨྲས་ཏེ། ང་ཚོས་ཤིང་སྡོང་གི་རྩེ་ལ་སྒོ་ང་རྣམས་སྲུང་སྐྱོབ་ཆེད་དུ་བྱེའུ་ཚང་བཟོས་པ་ཡིན་ཏེ། ད་དུང༌། དུག་སྦྲུལ་འགའ་ཡོང་ནས་ང་ཚོའི་སྒོ་ང་རྣམས་ཁྱུར་མིད་བཏང༌། དེ་བས་ཆུ་སྲིན་གྱི་བྱེད་སྟངས་དེ་འགྲིག་འདུག་ཟེར། དེ་ནས་བུ་ཆུང་དེ་ཡིས་གཙང་འགྲན་ཞིག་ན་བོང་བུ་ཞིག་གིས་རྩ་ཟ་བཞིན་པ་མཐོང་ནས་དེ་ལའང་གོང་གི་དྲི་བ་རྣམས་ཡང་བསྐྱར་དྲིས། བོང་བུ་ཡིས་བཤད་རྒྱུར། ང་རང་གཞོན་ནུ་སྐབས་སུ། ངའི་བདག་པོས་ངའི་རྒྱབ་ལ་ཅ་དངོས་ལྕི་མོ་བཞག་ནས་དེ་རྣམས་གང་སར་དབོར་འདྲེན་བྱས་པ་རེད། དེང་སང༌། ང་རང་རྒན་པ་དང་ནུས་མེད་ཆགས་སྐབས། ངའི་བདག་པོས་ང་རང་བདག་མེད་དུ་བསྐྱུར་བ་རེད། དེ་བས་འདི་འདྲའི་ལམ་དེ་མི་ཚེའི་འགྲོ་སྟངས་རེད། འདིར་བདེན་པ་ལ་ལམ་ཁ་མེད་ལ་གཞན་ཕན་གྱི་ལྷག་བསམ་ཡང་མེད་པ་ནི་ང་ཚོའི་འཚོ་བའང་རེད་བཅས་བརྗོད།
བུ་ཆུང་དེ་ད་དུང་ཡིད་མ་ཆེས་པར། རི་བོང་ཞིག་མཐོང་བ་དང་དེ་ལ་གོང་གི་དྲི་བ་དེ་རྣམས་ཡང་བསྐྱར་དྲིས། རི་བོང་གིས་བཤད་རྒྱུར། ངས་ཆུ་སྲིན་གྱིས་བརྗོད་བཞིན་པའི་སྐད་ཆ་དེ་ལ་ངེས་ལེན་བྱེད་ཐུབ་ཀི་མི་འདུག དེ་ནི་ཧ་ཅང་གི་ཆོ་མེད་ཀྱི་སྐད་ཆ་ཞིག་རེད། ཆུ་སྲིན་གྱིས་སྐད་ཆ་དེ་དག་ཐོས་མ་ཐག་ཁོང་ཁྲོ་ལངས་ཏེ་རི་བོང་མཉམ་དུ་ཁ་རྩོད་རྒྱག་ཞོར་བུ་ཆུང་དེའི་རྐང་པ་ཆུ་སྲིན་གྱི་མཆེ་བར་དམ་པོར་་བཟུང༌། བུ་ཆུང་དེ་སྐྱོབ་ཆེད་རི་བོང་གིས་བཤད་རྒྱུར། ཆུ་སྲིན་གྱི་ཁ་ནང་དུ་བུ་ཆུང་གི་རྐང་པ་ཡོད་པས་དབུགས་འགག་བཞིན་ཡོད་པས། སྐད་ཆ་བཤད་པར་ཅི་ལྟར་འབད་རྩོལ་བྱས་ཀྱང༌། གོ་བརྡ་གསལ་བོ་ཞིག་སྤྲོད་ཐུབ་ཀི་མི་འདུག ཆུ་སྲིན་དེ་ཤུགས་ཆེན་པོས་དགོད་ཁ་ཤོར་སྟེ་བཤད་རྒྱུར། ང་དེ་འདྲའི་གླེན་པ་ཞིག་མིན། གལ་ཏེ་ངས་བུ་ཆུང་འདི་གློད་ན། བུ་ཆུང་འདི་རྒྱང་རིང་ལ་བྲོས་འགྲོ་ཟེར།
རི་བོང་གི་བཤད་རྒྱུར། ད་ནི་ཁྱེད་རང་གླེན་པ་ཞིག་རེད། ཁྱེད་ཀྱི་མཇུག་མ་ཇི་འདྲའི་ཤུགས་ཆེན་པོ་ཡིན་པ་བརྗེད་སོང་བ་ཡིན་ནམ། གལ་ཏེ་བུ་ཆུང་དེ་བྲོས་པ་ཡིན་ནའང༌། ཁྱེད་རང་བུ་ཆུང་དེའི་རྗེས་སུ་ཁྱེད་ཀྱི་མཇུག་མ་གཡུག་གཡུག་བྱེད་བཞིན་རྗེས་སྙེག་ཐུབ་ངེས་རེད་ཟེར། ཆུ་སྲིན་གྱིས་བུ་ཆུང་དེ་གློད་ནས་རི་བོང་དང་མཉམ་དུ་མུ་མཐུད་དུ་ཁ་རྩོད་བྱེད་སྐབས། བུ་ཆུང་གི་རྐང་པ་ཚུར་ལངས་ནས་ཆུ་སྲིན་གྱི་མཇུག་མ་ཡར་འཇོག་པར་འབད་རྩོལ་བྱེད་སྐབས། ཆུ་སྲིན་གྱིས་རང་ཉིད་ཀྱི་མཇུག་མ་ད་དུང་དྲ་ནང་དུ་ཚུད་ཡོད་པ་དོ་སྣང་བྱུང༌། ཆུ་སྲིན་གྱིས་རི་བོང་ལ་སྡང་མིག་རེ་བལྟས། རི་བོང་གིས་འཛུམ་དམུལ་དམུལ་ངང་ནས་བཤད་རྒྱུར། ད་ལྟ་ཁྱེད་ཀྱིས་ཤེས་སོང་ངམ། འདི་ནི་མི་ཚེའི་འགྲོ་སྟངས་རེད་ལ་འཚོ་བའང་རེད།
ཅུང་ཙམ་ཞིག་གི་རྗེས་སུ། བུ་ཆུང་དེ་གྲོང་གསེབ་པ་ཚོ་དང་མཉམ་དུ་ཕྱིར་ནང་དུ་ལོག་སྐབས། ཁྱི་ཞིག་དེ་རུ་སླེབས་ནས། རི་བོང་དེ་མཐོང་བ་དང་དེའི་རྗེས་སུ་སྙེག་པར་མགོ་བརྩམས། བུ་ཆུང་དེས་ཁྱི་དེ་ལ་སྐད་བརྒྱབ་སྟེ། རི་བོང་དེས་ངའི་སྲོག་བསྐྱབས་པས་གནོད་པ་མ་སྐྱེལ་ཞེས་ཟེར། ཡིན་ནའང༌། བུ་ཆུང་དེས་ཁྱི་དང་རི་བོང་གཉིས་ཀྱི་བར་འདུམ་བྱེད་པའི་སྔོན་ལ། ཁྱི་དེ་རི་བོང་གི་རྗེས་སུ་བསྙེགས་ནས་ཡུད་ཙམ་ཞིག་གིས་ནང་དུ་རི་བོང་དེ་བསད་པ་རེད། བུ་ཆུང་དེ་ཡི་སྐྱོ་སྡུག་གི་ངང་ནས་རང་ཉིད་ལ་བཤད་རྒྱུར། ཆུ་སྲིན་གྱིས་ཅི་ཞིག་བཤད་ཟིན་པ་དེ་རྣམས་བདེན་པ་རེད། འདི་ནི་མི་ཚེའི་འགྲོ་སྟངས་རེད་ལ་འཚོ་བའང་ཡིན་པས། གཡོ་སྒྱུ་ནི་འཚོ་བའིཆ་ཤས་ཞིག་རེད་ལ། བྱེད་སྟངས་འདི་ནི་འཚོ་བའི་རང་བཞིན་ཡང་རེད། ང་ཚོར་གཡོ་སྒྱུ་ཡི་གནོད་འཚེ་མེད་པར་ང་ཚོ་རང་ཉིད་ལ་འགྲོ་སྟངས་ཞིག་སྟོན་ནུས་སམ། མི་ཚེའི་གསང་བ་རྣམས་ཆ་ཚང་བར་རྟོགས་དཀའ་བས་བསམ་གཞིགས་དང་ལྷན་དུ་མི་ཚེ་ལ་གདོང་ལེན་བྱེད་དགོས།

No comments:
Post a Comment