གཟའ་སྐར་རིག་པ།
ཐེ་གྷོར་གྱིས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
བདག་གི་ན་རེ། མཚན་མོར་བཅོ་ལྔའི་ཉ་གང་ཟླ་བ་དེ་ཤིང་ཀ་དམྦ་ཡི་ཡབ་འདབ་གསེང་དུ་ཚུད་སྐབས། མིའི་རིགས་སུ་དང་གང་གིས་ཀྱང་འཛིན་མ་ཐུབ་པ་ཡིན་ནམ་ཅེས་བཤད།


ཕུ་བོས་ང་ལ་དགོད་ཙམ་བྱས་ནས་ན་རེ། སྤུན་ཆུང༌། བདག་ལ་དུས་རྒྱུན་དུ་རྒྱུས་མངའ་ཡོད་པའི་མིའི་རིགས་ཀྱི་ཁྲོད་ན་ཁྱོད་ནི་ཆེས་གླེན་པའི་བྱིས་པ་ཞིག་རེད། ཟླ་བ་ནི་ང་ཚོ་དང་ཁ་ཐག་ཧ་ཅང་རིང་བས་སུ་ཡིས་ཇི་ལྟར་འཛིན་ཐུབ་སོང་ངམ་ཞེས་སྨྲས།

བདག་གི་ན་རེ། ཕུ་བོ་ལགས། ཁྱེད་ནི་ཅི་འདྲའི་བླུན་པོ་ཞིག་རེད་ཨང༌། ཨ་མས་སྒེའུ་ཁུང་ནས་ཕྱི་ལོགས་སུ་བལྟས་ཤིང་། ང་ཚོ་རྩེད་མོ་རྩེ་བཞིན་པར་འཛུམ་བག་གི་རྣམ་འགྱུར་ཞིག་སྟོན་སྐབས། ཁོ་མོ་ང་ཚོ་དང་ཁ་ཐག་ཧ་ཅང་རིང་བ་རེད་བཅས་ཁྱེད་ཀྱིས་གླེང་རྒྱུ་ཡིན་ནམ་ཅེས་བཤད།

ད་དུང༌། ཕུ་བོ་ན་རེ། ཁྱེད་ནི་བྱིས་པ་གླེགས་རྟགས་ཅན་ཞིག་རེད་ཨང༌། ཁྱེད་ཀྱིས་ཟླ་བ་དེ་འཛིན་ཐུབ་པའི་དྲ་བ་ཆེན་པོ་ཞིག་གང་དུ་འཚོལ་རྒྱུ་ཡིན་ནམ་ཅེས་སྨྲས།

བདག་གི་ན་རེ། ཁྱེད་ཀྱིས་ཕྱག་ཟུང་གིས་ཟླ་བ་དེ་འཛིན་ཐུབ་པ་ཁག་ཐེག་ཡིན་ཅེས་བཤད།

ཕུ་བོ་དགོད་ཙམ་བྱས་ནས་ན་རེ། ཁྱེད་ནི་ངས་ངོ་ཤེས་པའི་བྱིས་པ་ཁྲོད་ན་གླེན་པ་ཞིག་རེད། གལ་ཏེ། ཟླ་བ་དེ་ང་ཚོ་དང་རྒྱང་ཐག་ཉེ་རུ་སླེབས་ན། ཁྱེད་ཀྱིས་ཇི་འདྲའི་ཆེན་པོ་ཞིག་ཡིན་པ་མཐོང་ངེས་ཞེས་སྨྲས།

བདག་གི་ན་རེ། ཕུ་བོ་ལགས། ཁོང་ཚོས་ཁྱེད་ཀྱི་སློབ་གྲྭ་རུ་དོན་སྙིང་དབེན་པའི་སློབ་ཁྲིད་ཅི་ཞིག་བྱས་པ་རེད་ཨང༌། ཨ་མས་རང་ཉིད་ཀྱི་མགོ་བོ་སྒུར་ནས་ང་ཚོ་ལ་འོ་བྱེད་སྐབས། ཨ་མའི་ཞལ་རས་ཧ་ཅང་ཆེན་པོ་ཡིན་ནམ་ཞེས་དྲིས།

འོན་ཀྱང༌། ཕུ་བོས་ད་དུང་ན་རེ། ཁྱེད་ནི་གླེན་ཕྲུག་ཅིག་རེད་ཟེར།

The Astronomer
Rabindranath Tagore

I only said, "When in the evening the round full moon gets entangled among the branches of that Kadam tree, couldn't somebody catch it?"

But dâdâ [elder brother] laughed at me and said, "Baby, you are the silliest child I have ever known. The moon is ever so far from us, how could anybody catch it?"

I said, "Dâdâ how foolish you are! When mother looks out of her window and smiles down at us playing, would you call her far away?"

Still said, "You are a stupid child! But, baby, where could you find a net big enough to catch the moon with?"

I said, "Surely you could catch it with your hands."

But dâdâ laughed and said, "You are the silliest child I have known. If it came nearer, you would see how big the moon is."


I said, "Dâdâ, what nonsense they teach at your school! When mother bends her face down to kiss us does her face look very big?"

But still dâdâ says, "You are a stupid child."



No comments:

Post a Comment