ས་བཅད་གསུམ་པ། མི་ཚེའི་གནད་དོན།
ལེའུ་གཉིས་པ།
ང་ཚོས་རིག་གཞུང་གསར་པ་ཞིག་གསར་དུ་བསྐྲུན་ཐུབ་བམ།
༡༽ དེང་གི་དུས་འདིར། ངས་བསམས་ན་མིའི་རིགས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་པོའི་ནང་གི་གཅིག་ནི་གསར་གཏོད་ཀྱི་བསམ་བློའི་གནད་དོན་དེ་རེད།
དེ་ནི་མི་བུ་སྒེར་ཞིག་གི་གསར་གཏོད་ཀྱི་བསམ་བློའི་རང་བཞིན་དེ་ཇི་ལྟར་ཕྱིར་མངོན་ཐབས་བྱ་རྒྱུ་དང༌། ང་ཚོས་གནད་དོན་དེ་ཚིག་ཙམ་མིན་པར་དོན་གྱི་སྙིང་བོ་ལ་བསམ་གཞིག་བྱེད་ཚེ། གཅིག་བྱས་ན་ང་ཚོས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་བསམ་བློའི་གནད་དོན་ཡོངས་རྫོགས་མངོན་འགྱུར་ཐུབ་ངེས། ངའི་བསམ་གཞིག་ལྟར་ན་གནད་དོན་ངོ་མ་ནི་འདི་རང་རེད། དེ་ལས་གཞན་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་གང་ཞིག་གི་ཆེད་དུ་ཞབས་ཞུ་བསྒྲུབ་དགོས་མིན་དང༌། ཡང་ན། ཆོས་ལུགས་གང་ཞིག་གི་རྗེས་སུ་འབྲང་དགོས་མིན་བཅས་ནི་གནད་དོན་ངོ་མ་དེ་མིན། མི་བུ་སྒེར་ཞིག་གི་གསར་གཏོད་ཀྱི་བསམ་བློ་དེ་མི་ཚེའི་སྟོད་ཙམ་ཁོ་ན་མིན་པར་མི་ཚེ་ཧྲིལ་བོར་གནས་ཐུབ་པར་ཇི་ལྟར་བྱའམ། དེ་ནི་མི་བུ་སྒེར་ཞིག་གིས་རང་ཉིད་ཀྱི་ནུས་པ་ཡོད་ཚད་ཚུལ་མཐུན་དུ་བཀོལ་སྤྱོད་བྱེད་པ་བརྒྱུད་ནས་རང་གི་མི་ཚེའི་ནང་ཟབ་ཅིང་རྒྱ་ཆེ་བའི་དགེ་མཚན་སྒྲུབ་ཐབས་ཇི་ལྟར་བྱ་དགོས་མིན་དེ་རེད། གལ་ཏེ་ང་ཚོས་གནད་དོན་འདི་ལ་དོན་དང་ལྡན་པའི་དབྱེ་ཞིབ་ཅིག་བྱེད་ཐུབ་ཚེ། ངས་བསམ་ན་ང་ཚོས་འདིའི་རྗེས་ཀྱི་སྐད་ཆ་རྣམས་ལ་གོ་རྟོགས་ངེས་ཅན་ཞིག་རྙེད་ཐུབ།
Total Freedom
Jiddu krishnamurti
1)I think that one of the
greatest problems confronting man at this present time is the question of
creativeness, how to bring about the creative release of the individual, and if
we can consider the question, not merely verbally, but go into it very deeply,
perhaps we shall be able to discover the full significance of that word creativeness.
It seems to me that this is the real issue, not what kind of political reform
to work for, or what kind of religion to follow. How is it possible to bring
about the creative release of the individual, not only at the beginning of his
existence, but throughout life? That is, how is the individual to have abundant
energy rightly directed so that his life will have expansive and profound
significance? If this evening we can really go into this matter, I think we
shall be better able to understand the subsequent talks.
༢༽ངའི་ཚོར་སྣང་ལ་ཆེས་གཏིང་ཟབ་ཀྱི་རིམ་པར་གསར་བརྗེ་ཞིག་ཡོང་དགོས་ཀྱི་འདུག གསར་བརྗེ་དེ་ཡང་ཆ་ཤས་ཡོངས་སུ་རྫོགས་པའི་གསར་བརྗེ་ཞིག་ཡིན་དགོས་པ་ལས་ཕྱོགས་ཙམ་ཞིག་གིས་མི་འགྲིག གསར་བརྗེ་ཆ་ཚང་བ་ཞིག་ནང་སེམས་ནས་མགོ་འཛུགས་དགོས་པ་རེད་མ་གཏོགས་ཕྱི་ལོགས་ནས་མགོ་འཛུགས་དགོས་པ་ཞིག་མ་རེད། དེ་འདྲའི་གསར་བརྗེ་ཆ་ཚང་བ་ཞིག་བསྐྲུན་པ་ལ། ང་ཚོས་ངེས་པར་དུ་རྒྱུས་ལོན་བྱེད་དགོས་པ་ནི་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ཏེ། རང་གི་བསམ་བློའི་བརྒྱུད་རིམ་ཡོངས་རྫོགས་ལ་རྒྱུས་ལོན་བྱེད་དགོས་ཤིང༌། དེ་ལ་རང་ངོ་འཕྲོད་པའང་ཟེར། རང་ངོ་འཕྲོད་པའི་གཞི་རྩ་དབེན་ཚེ། ང་ཚོས་བསམ་བློ་ཅི་འདྲ་ཞིག་བཏང་རུང་དེ་ལ་དོན་སྙིང་དེ་ཙམ་མེད། དེར་བརྟེན། ཆེས་ཐོག་མ་དེ་ནས་ང་ཚོས་ངེས་པར་དུ་རྟོགས་དགོས་པ་ནི་བསམ་གཞིག་གི་བརྒྱུད་རིམ་དང་བསམ་བློ་གཏོང་སྟངས་དེ་ཡིན་པ་ཧ་ཅང་གལ་གནད་ཅན་ཞིག་རེད། དེ་ལྟར་མ་རེད་དམ། ངེས་པར་དུ་གསར་བརྗེ་ཞིག་བྱེད་དགོས་པར་བརྟེན། གསར་བརྗེ་དེ་ཡང་ངེས་པར་དུ་སེམས་ཀྱི་ཆ་ཤས་ཡོངས་རྫོགས་ལ་འབྱུང་དགོས་པ་རེད་མ་གཏོགས་བསམ་བློའི་ཆ་ཤས་གང་ཡང་རུང་བ་ཞིག་ལ་བྱུང་བས་མི་འགྲིག ཡིན་ནའང༌། ང་ཚོས་གསར་བརྗེ་དེ་འདྲ་ཞིག་ལ་ཁ་མ་ཕྱོགས་པའི་སྔ་རོལ་ཏུ། ངས་བསམ་ན་གསར་བརྗེ་དེ་གསན་པའི་སྙིང་བོ་ཅི་ཞིག་ཡིན་མིན་འཚོལ་ཞིབ་བྱེད་དགོས་པ་དེ་གལ་ཆེན་ཡིན་པར་འདོད།
2)I feel that revolution is
necessary at the most profound level, not fragmentary revolution, but
integrated revolution, a total revolution starting not from the outside but
from within, and to bring about that total revolution, surely we must
understand the ways of our own thought, the whole process of our thinking,
which is self-knowledge. Without the foundation of self-knowledge, what we
think has very little meaning. So it is important, is it not, that from the very
beginning we should understand the process of our thinking, the ways of our
mind; and the revolution must take place, not in any given department of
thought, but in the totality of the mind itself. But before we go into that, I
think it is essential to find out what it means to listen.
༣༽ ང་ཚོ་མི་ཉུང་ངུ་ཞིག་གིས་གཞན་གྱིས་ཅི་ཞིག་བཤད་བཞིན་པ་དེར་ཐད་ཀར་ཉན་གྱིན་ཡོད། དེ་མིན་ང་ཚོ་མང་ཆེ་བས་རྒྱུན་དུ་ལྟ་ཕྱོགས་བྱེ་བྲག་པ་ཞིག་གཞི་ལ་བཞག་ནས་གཞན་གྱི་སྐད་ཆ་དེར་གོ་བ་ལེན་པ་དང་འགྲེལ་བཤད་རྒྱག་གིན་ཡོད། དེ་ནི་ཧིན་རྡུབ་ཡིན་ན་ཆོག ཁ་ཆེ་ཡིན་ཀྱང་རུང༌། ཡང་ན། དམར་ཤོག་པ་ཡིན་ནའང་ཆོག ཀུན་གྱི་བྱེད་ཕྱོགས་དེ་གཅིག་མཚུངས་ཡིན། ང་ཚོར་དང་ཐོག་ནས་བཅངས་པའི་གྲུབ་མཐའ་དང༌། ལྟ་ཚུལ། ཐག་གཅོད། ཡིད་ཆེས་དེ་འདྲ་ཡོད་ཅིང༌། དེ་དག་བརྒྱུད་ནས་ང་ཚོས་ཉན་གྱིན་ཡོད། དོན་དངོས་སུ་ང་ཚོས་གཞན་གྱི་སྐད་ཆ་རྣམས་ནམ་ཡང་ཉན་གྱིན་མེད་ལ། ང་ཚོས་རང་ཉིད་དམིགས་བསལ་གྱི་ཉམས་མྱོང་དང༌། ཐག་གཅོད། ཕྱོགས་ལྷུང་ཁོ་ན་དང་འབྲེལ་བའི་ཁྲོད་ནས་ཉན་གྱིན་ཡོད་པར་བརྟེན། ང་ཚོས་རྒྱུན་དུ་རང་གིས་ཅི་ཞིག་ཐོས་པ་དེར་རང་གི་གོ་བ་ལེན་ཕྱོགས་སུ་གོ་དོན་འགྲེལ་གྱིན་ཡོད། དེ་ཡིས་གོ་རྟོགས་རྣལ་མ་ཞིག་བསྐྱེད་མི་ཐུབ་པ་གསལ་པོ་རེད། དེ་ན་གང་ཞིག་གིས་གོ་རྟོགས་རྣལ་མ་ཞིག་བསྐྱེད་དམ་ཞེ་ན། དེ་ལ་ཞེན་ཆགས་མེད་པ་དང་གྲུབ་མཐའི་ཕྱོགས་ལྷུང་མེད་པར་ཉན་པས་ན་གོ་རྟོགས་རྣལ་མ་ཞིག་བསྐྱེད་ཐུབ། དེ་ལྟར་ཉན་པས་ཁྱེད་དང་ངེད་གཉིས་ཀྱིས་སྐབས་དོན་གྱི་དཀའ་རྙོག་གང་ཡིན་དེར་མཉམ་རུབ་ཀྱིས་མཐིལ་ཕྱིན་པར་ཞིབ་དཔྱོད་བྱེད་ཐུབ། གོ་རྟོགས་རྣལ་མ་ཅི་ཞིག་བསྐྱེད་པ་དེར་མཇུག་སྡོམ་ཁ་གསལ་བོ་དང་འབྲེལ་ནས་ཡིད་སེམས་བརྟན་པོར་ངང་ནས་ཉན་དགོས། གལ་ཏེ། ཁྱེད་ཀྱིས་རྣ་བ་བླགས་ཏེ་ཉན་པའི་ཐབས་ཇུས་དེ་རྟོགས་ཚེ། གཞན་གྱིས་སྐད་ཆ་ཅི་ཞིག་བཤད་བཞིན་པའི་ཁྲོད་དུ་བདེན་པ་ནི་ཅི་ཞིག་ཡིན་པ་ར་འཕྲོད་པར་མ་ཟད། རྫུན་པ་ནི་རྫུན་པ་ལྟ་བུར་མཐོང་ངེས། རྫུན་པའི་ཁྲོད་དུ་བདེན་པ་ཡང་མཐོང་ངེས། གལ་ཏེ། ཁྱེད་ཀྱིས་རྩོད་པའི་སྒོ་ནས་ཉན་པ་ཡིན་ཚེ། ཁྱེད་ལ་གོ་རྟོགས་རྣལ་མ་ཞིག་གསར་དུ་བསྐྱེད་ཐུབ་མེད་པ་གསལ་བོ་རེད། རྒྱུ་མཚན་གང་ཡིན་ཞེ་ན། རྩོད་གླེང་ནི་གཞན་གྱི་ལྟ་ཚུལ་ལ་ཁ་གཏད་གཅོག་པའི་རང་ཉིད་ཀྱི་ལྟ་ཚུལ་ཁོ་ན་དེ་ཡིན་ལ། ཡང་ན་ཁྱེད་ཀྱིས་རྩོད་གླེང་གིས་གཞན་ལ་རྒྱབ་འགལ་བྱས་པ་དང༌། དོན་དངོས་སུ་དེ་ཡིས་གཞན་གྱིས་སྐད་ཆ་ཅི་ཞིག་བཤད་བཞིན་པའི་ཁྲོད་དུ་བདེན་པ་དེ་མངོན་གྱུར་བྱེད་པར་བཀག་འགོག་དང༌། ཡང་ན་གོ་རྟོགས་དེ་ཟློག་ཐབས་བྱེད་པ་རེད།
3)Very few of us listen directly
to what is being said, we always translate or interpret it according to a
particular point of view, whether Hindu, Muslim, or communist. We have
formulations, opinions, judgments, beliefs through which we listen, so we are actually
never listening at all; we are only listening in terms of our own particular
prejudices, conclusions, or experiences. We are always interpreting what we
hear, and obviously that does not bring about understanding. What brings about
understanding, surely, is to listen without any anchorage, without any definite
conclusion, so that you and I can think out the problem together, whatever the
problem may be. If you know the art of listening, you will not only find out
what is true in what is being said but you will also see the false as false and
the truth in the false; but if you listen argumentatively, then it is
fairly clear that there can be no understanding because argument is merely your
opinion against another opinion, or your judgment against another, and that
actually prevents the understanding or discovery of the truth in what
is being said.
༤༽དེར་བརྟེན། གཞན་གྱི་སྐད་ཆ་ལ་ཕྱོགས་ལྷུང་དང་ ། བསམ་ཚུལ། འགྲེལ་བཤད་གང་རུང་དང་བྲལ་ནས་ང་ཚོས་ཉན་སྲིད་དམ། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོའི་བསམ་བློ་དེ་འདྲའི་བཀག་རྒྱ་ཡོད་པ་གསལ་བོ་རེད། དེ་འདྲ་ཞིག་མ་རེད་དམ། ང་ཚོའི་སེམས་ལ་ཧིན་རྡུ་དང༌། ཡི་ཤུ དམར་ཤོག་པ་ལྟ་བུར་བཀག་རྒྱ་ཡོད་པས། ང་ཚོས་ཅི་ཞིག་ཉན་རུང༌། སྐད་ཆ་དེ་ནི་གསར་པ་ཡིན་ན་ཆོག་ཡང་ན་རྙིང་པ་ཡིན་ན་རུང༌། སྐད་ཆ་དེ་ནི་དུས་རྒྱུན་དུ་བཀག་རྒྱ་དེའི་གོ་རིམ་སྒྲིག་སྟངས་ལ་བརྟེན་ནས་རྟོགས་པ་རེད། དེ་བས་ང་ཚོའི་རང་སེམས་གཙང་མ་ཡིན་ན་དཀའ་རྙོག་གང་ཡང་འབྱུང་མི་ནུས། དེར་བརྟེན། གཞན་གྱིས་ཅི་ཞིག་བརྗོད་པ་ཁོ་ན་མིན་པར་སྐད་ཆ་ཡོད་ཚད་ལ་ཇི་ལྟར་ཉན་དགོས་ཚུལ་དེ་གལ་ཆེན་ཡིན་པ་རེད། མི་བུ་སྒེར་ཞིག་ལ་གསར་བརྗེ་ཆ་ཚང་བ་ཞིག་དགོས་པ་ནི་མེད་དུ་མི་རུང་བ་ཞིག་རེད་མོད། འོན་ཀྱང༌། བདེན་པ་ནི་ཅི་ཞིག་ཡིན་མིན་གྱི་ལྷན་སྐྱེས་ཀྱི་གོ་རྟོགས་ཤིག་མེད་ཚེ། འདི་འདྲའི་གསར་བརྗེ་ཞིག་ནམ་ཡང་འབྱུང་ཐབས་བྲལ་བ་རེད། དེ་བས་གནས་བབས་གང་རུང་ཞིག་གི་ཁྲོད་ཀྱི་རྩོལ་བ་ནི་གཏོར་བཤིག་གི་ངོ་བོར་གྱུར་བ་མངོན་གསལ་དོད་པོར་སྣང༌། སེམས་དེ་ཞི་བ་དང་རྩོལ་བ་བྱེད་བཞིན་མེད་པའི་སྐབས་ཁོ་ནར་གོ་རྟོགས་དེ་འབྱུང་བ་རེད། འོན་ཀྱང༌། ང་ཚོ་མི་མང་པོ་ཞིག་གིས་རྩོལ་བ་ནི་ལེགས་འགྲུབ་ཀྱི་རྨང་གཞི་དང༌། བདེན་པ་དང་བཅོས་མ་ནི་ཅི་ཞིག་ཡིན་མིན་གྱི་འདུ་ཤེས། ད་དུང༌། གོ་རྟོགས་ཤིག་རེག་ཐབས་བྱེད་པ་དང་གཞན་གྱི་སྐད་ཆ་ཉན་པ་བཅས་ལ་མེད་དུ་མི་རུང་བ་དེ་ཡིན་པར་བསམ་པ་རེད།
4)So, is it possible to listen
without any prejudice, without any conclusion, without interpretation? Because,
it is fairly obvious that our thinking is conditioned, is it not? We are conditioned
as Hindus, or communists, or Christians, and whatever we listen to, whether it
is new or old, is always apprehended through the screen of this conditioning;
therefore, we can never approach any problem with a fresh mind. That is why it
is very important to know how to listen, not only to what is being stated, but
to everything. It is clearly necessary that a total revolution should take
place in the individual, but such a revolution cannot take place unless there
is effortless comprehension of what is truth. Effort at any level is
obviously a form of destruction, and it is only when the mind is very quiet,
not making an effort, that understanding takes place. But with most of us,
effort is the primary thing; we think effort is essential, and that very effort
to listen, to understand, prevents comprehension, the immediate perception of
what is true and what is false.
༥༽དེང་འདིར། ཁྱེད་ཀྱིས་རང་ཉིད་ཀྱི་བསམ་བློའི་བཀག་རྒྱ་དེ་ཤེས་རྟོགས་དགོས་པ་མ་ཟད། ད་དུང༌། གཞན་དང་གཞན་གྱིས་ཅི་ཞིག་བཤད་བཞིན་པ་དེ་རྟོགས་པ་དང༌། རང་ཉིད་ལ་དེ་ལས་རང་དབང་ཐོབ་པར་ཁྱེད་ཀྱིས་རྣ་བ་གཏད་ནས་ཉན་ཐུབ་བམ། དེ་ལས་གཞན་པ་ཞིག་ནི་ཁྱེད་ཀྱིས་རྩོལ་བ་དང་དོ་སྣང་གང་ཡང་མ་བྱས་པར་གཞན་གྱི་སྐད་ཆ་ལ་ཉན་ཐུབ་པ་ཡིན་ནམ། མི་མང་ཤས་ཀྱིས་བློ་རྩེ་སྒྲིམ་ས་ནི་བསམ་པ་རྣལ་ལ་ཕེབས་པའི་བརྒྱུད་རིམ་ཁོ་ན་དེ་ཡིན་ཅིང༌། དེ་ནི་ཐུན་མོང་མ་ཡིན་པའི་འགྲོ་ལུགས་ཤིག་རེད། འདིར་ཇི་སྲིད་བསམ་གཞིག་གི་འགོག་རྒོལ་ཡོད་པ་དེ་སྲིད་དུ་གསར་བརྗེ་ཆ་ཚང་བ་ཞིག་འབྱུང་མི་ཐུབ། ངའི་བསམ་གཞིག་ལྟར་ན་འདི་འདྲའི་གསར་བརྗེ་ཞིག་མི་བུ་སྒེར་ཞིག་གིས་བསྐྲུན་དགོས་ལ། གསར་བརྗེ་དེ་ཡང་གསར་གཏོད་ཀྱི་བློ་རིག་ཅིག་ཡིན་དགོས།
5)Now, being aware of your
conditioning, and yet being free of it, can you listen so as to comprehend what
is being said? Can you listen without making an effort, without interpreting,
which is to give total attention? For most of us, attention is merely a process
of concentration, which is a form of exclusiveness, and as long as there is the
resistance of exclusive thinking, a total revolution obviously cannot take
place, and it is imperative, I feel, that such a revolution should take place
in the individual, for only in that revolution is there creative release.
༦༽དེར་བརྟེན། མིའི་རིགས་ཀྱི་སེམས་འདིར་དེང་རབས་ཀྱི་སློབ་གསོ་དང༌། སྤྱི་ཚོགས། ཆོས་ལུགས། ཤེས་ཡོན། ད་དུང་ང་ཚོས་བསགས་ཡོད་པའི་ཉམས་མྱོང་བགྲང་ཡས་པ་རྣམས་ལ་བརྟེན་ནས་སེམས་ཀྱི་བཀག་རྒྱ་ཡོད་པ་རེད། མདོར་ན། མིའི་རིགས་ཀྱི་སེམས་ལ་ང་ཚོའི་ཁོར་ཡུག་གི་བཀག་རྒྱ་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་འབྲེལ་ལམ་སྣ་ཚོགས་དང༌། ང་ཚོའི་རང་ཉིད་ཀྱི་བྱ་སྤྱོད་རྣམས་ཀྱིས་ཀྱང་བཀག་རྒྱ་ཡོད་དོ།།
6)So, the mind is conditioned by
modern education, by society, by religion, and by the knowledge and the
innumerable experiences which we have gathered; it is shaped, put into a mold,
not only by our environment, but also by our own reactions to that environment
and to various forms of relationship.
༧༽དངོས་ཡོད་ཀྱི་གནས་ཚུལ་ལྟར་ན་ཁྱེད་ཀྱིས་རང་ཉིད་ཀྱི་བསམ་བློའི་བརྒྱུད་རིམ་ལ་བརྟག་དཔྱད་གཏོང་དགོས་པ་རེད་མ་གཏོགས། ངའི་སྐད་ཆ་ལ་རྣ་བ་གཏད་ནས་ཉན་རྒྱུ་ཁོ་ན་མིན་པ་སེམས་ལ་འཛིན་རོགས། ངས་ཅི་ཞིག་བཤད་བཞིན་པ་ནི་ཁྱེད་རང་ཉིད་ཀྱི་སེམས་ལ་ཅི་ཞིག་བསམ་བཞིན་པ་དེའི་འགྲེལ་བཤད་འབའ་ཞིག་ཡིན། གལ་ཏེ། མི་ཞིག་ལ་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་ཆ་ཚང་ཞིག་ལྡན་ཚེ། མི་དེས་རང་ཉིད་ཀྱི་སེམས་ཀྱི་བཀག་རྒྱ་མཐོང་ངེས། གང་ལྟར། བཀག་རྒྱ་དེ་ཅི་ལྟར་འགྱུར་བ་གཏོང་བར་རྩོལ་བ་བྱེད་སྲིད་ཀྱང༌། བཀག་རྒྱ་དེ་ནི་བཙོན་ཁང་ཁོ་ན་ནང་དུ་འགྱུར་བ་གཏོང་ཐུབ་ཅིང༌། དེ་འདྲའི་འགྱུར་བ་དེ་གསར་བརྗེ་ཞིག་མིན་པ་གསལ་བོ་རེད། ངས་བསམས་ན་ཐོག་མར་ཤེས་དགོས་པའི་གནད་དོན་ནི་འདི་ཡིན་ཏེ། ང་ཚོའི་སེམས་ནི་ཁ་ཆེ་དང་ཧིན་རྡུ་ལྟ་བུའི་ཆོས་ལུགས་གང་རུང་ཞིག་གིས་བཀག་རྒྱ་ཡོད་པའི་རིང་ལ། གསར་བརྗེ་གང་རུང་ཞིག་ནི་བཀག་རྒྱ་དེའི་སྒྲོམ་གཞིའི་ནང་ཁུལ་དུ་ཡོད་པར་བརྟེན། གསར་བརྗེ་དེ་ནི་གཞི་རྩའི་གསར་བརྗེ་ཞིག་དུས་ནམ་ཡང་མིན་ནོ། །གདོང་ལེན་བྱེད་དགོས་པ་ཐམས་ཅད་ནི་དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་གསར་བ་ཞིག་ཡིན་དགོས་ལ། སེམས་ལ་བཀག་རྒྱ་ཡོད་པའི་རིང་ལ། བཀག་རྒྱ་དེ་གཞིར་བཞག་ནས་གདོང་ལེན་བྱེད་པར་སེམས་ཀྱིས་ཡ་ལན་ཞིག་སྤྲོད་དགོས། དེར་བརྟེན། འདིར་དགོས་མཁོ་དང་མཐུན་པའི་ཡ་ལན་ཞིག་ནམ་ཡང་ཡོད་པ་མ་རེད།
7)Please bear in mind that you
are not merely listening to me, but are actually observing the process of your
own thinking. What I am saying is only a description of what is taking place in
your own mind. If one is at all aware of one's own thinking, one will see that
a mind that is conditioned, however much it may try to change, can only change
within the prison of its own conditioning, and such a change is obviously not
revolution. I think that is the first thing to understand - that as long as our
minds are conditioned as Hindus, Muslims, or whatnot, any revolution is within
the pattern of that conditioning and is therefore not a fundamental revolution
at all. Every challenge must always be new, and as long as the mind is
conditioned, it responds to challenge according to its conditioning; therefore,
there is never an adequate response.
༨༽ད་ལྟའི་དུས་འདིར།ང་ཚོས་ཤེས་གསལ་ལྟར་ན་འཛམ་བུ་གླིང་གི་དཀའ་ངལ་ཆེ་ཤོས་ཞིག་ནི་དབུལ་ཕོངས་མང་པོ་དང༌། རྒྱུན་ཆད་མེད་པའི་དམག་འཁྲུག་གི་ཉེན་ཁ་དེ་རེད། དེ་ནི་ང་ཚོས་ཁ་གཏད་གཅོག་དགོས་པ་དེ་རེད། ང་ཚོའི་དཀའ་ངལ་ནི་ཁ་གཏད་གཅོག་པར་དགོས་མཁོ་དང་མཐུན་པའི་ཡ་ལན་ཆ་ཚང་བ་ཞིག་སྤྲོད་རྒྱུ་དེ་རེད། གལ་ཏེ་ང་ཚོས་རང་ཉིད་ཀྱི་བསམ་བློའི་བརྒྱུད་རིམ་དེ་མ་རྟོགས་ཚེ། ཁ་གཏད་གཅོག་རྒྱུ་ནི་ཡོང་ཐབས་བྲལ་བ་ཞིག་རེད། དེ་བས་ང་ཚོའི་བསམ་གཞིག་བཅོས་བསྒྱུར་གཏོང་དགོས་པ་གསལ་བོ་རེད། ང་ཚོས་དུས་རྒྱུན་དུ་ཡི་ཤུ་མ་ཤི་ཀའི་རྗེས་འབྲང་བ་དང༌། སྤྱི་ཚོགས་རང་ལུགས་པ། དམར་ཕྱོགས་པ། ཁ་ཆེ་བ། ཧིན་རྡུ་བ་ལྟ་བུར་ཁ་གཏད་གཅོག་པར་ཡ་ལན་སྤྲད་པ་རེད། ཡ་ལན་དེ་ནི་གཞི་རྩའི་དགོས་མཁོ་དང་མཐུན་པ་ཞིག་མིན་པར་བརྟེན། རྩོད་རྙོག་དང་འཐད་རྩོད་དེ་ནི་མི་བུ་སྒེར་ལ་འཕྲད་པ་མ་ཟད། རྒྱལ་ཁབ་དང་མི་རིགས། ཚོགས་པ་བར་དུའང་འཕྲད་ངེས། ང་ཚོས་རང་ཉིད་ཀྱི་བསམ་གཞིག་གི་བརྒྱུད་རིམ་དེ་རྟོགས་སྐབས་ང་ཚོས་ཡ་ལན་ཆ་ཚང་བ་ཞིག་དང་དགོས་མཁོ་དང་མཐུན་པ། ཡང་ན། ཡ་ལན་ཡོངས་རྫོགས་ཤིག་བྱེད་ཐུབ་པ་ནི་ང་ཚོའི་སེམས་ཀྱི་བཀག་རྒྱ་དེ་ནས་རང་དབང་ཐོབ་པ་རེད། རང་དབང་དེ་ནི་དམར་ཤོག་དང་ཧིན་རྡུ་ལྟ་བུ་གང་ཞིག་གི་ཆེད་དུ་ཕྱིའི་རྣམ་འགྱུར་བསྟན་མྱོང་མེད་པ་དེ་རེད། དེའི༷་དོན་ནི་ང་ཚོའི་ཡ་ལན་ནི་སྔོན་མའི་བཅོས་བསྒྱུར་གྱི་གཞི་རྩ་རུ་མེད་པའི་ཁ་གཏད་གཅོག་རྒྱུ་དེ་རེད། ང་ཚོ་ཆོས་ལུགས་དང་ཡང་ན་དམིགས་བསལ་གྱི་རིགས་རྒྱུད་གང་ཞིག་གི་ཁོངས་སུ་གཏོགས་པར་མཇུག་སྡོམ་རྒྱག་སྐབས་དང༌། ཡང་ན། ང་ཚོ་མི་རེ་རེའི་རྒྱབ་ལྗོངས་རྟོགས་ནས་དེ་ལས་རང་ཉིད་རང་དབང་ཐོབ་པ་དང༌། བདེན་པ་ག་རེ་ཡིན་ཡང་གཙུག་ཏུ་འཛིན་པ། དེ་ནས་ཡ་ལན་ཆ་ཚང་བ་ཞིག་སྤྲོད་སྲིད་པ་རེད། དེ་འདྲའི་ཡ་ལན་ནི་གསར་བརྗེ་ཞིག་རེད།
8)Now, we all know that there is
a great crisis in the world at the present time; there is enormous poverty and
the constant threat of war. That is the challenge, and our problem is to
respond adequately, completely, totally to this challenge, which is impossible
if we do not understand the process of our own thinking. Our thinking is
obviously conditioned; we always respond to any challenge as Hindus, Muslims,
communists, Socialists, Christians, and so on, and that response is
fundamentally inadequate; hence the conflict, the struggle, not only in the
individual, but between groups, races, and nations. We can respond totally,
adequately, fully, only when we understand the process of our thinking and are
free from our conditioning, that is, when we are no longer reacting as Hindus,
communists, or what you will, which means that our response to challenge is no
longer based on our previous conditioning. When we have ceased to belong to any
particular race or religion, when each one of us understands his background,
frees himself from it and pursues what is true, then it is possible to respond
fully, and that response is a revolution.
༩༽ གཞི་རྩའི་གསར་བརྗེ་ཞིག་ཆོས་ལུགས་པ་ཁོ་ནས་གསར་དུ་བསྐྲུན་ཐུབ་མོད། འོན་ཀྱང༌། ཆོས་ལུགས་བྱེ་བྲག་པ་གང་རུང་ཞིག་གི་ཁོངས་སུ་གཏོགས་པའི་ཆོས་ལུགས་པ་དེ་ལ་ལྟ་བ་དང་ཡིད་ཆེས་ལྡན་ཚེ། དེ་ནི་ཆོས་ལུགས་པ་ཞིག་མ་རེད། ཆོས་ལུགས་ཀྱི་བརྒྱུད་རིམ་ཡོངས་རྫོགས་རྟོགས་པའི་ཆོས་པ་དེ་ཡིས་ལྟ་བ་སྣ་ཚོགས་དང༌། ཡིད་ཆེས་དང་ཆོ་གའི་གྲུབ་མཐའ་བརྒྱུད་ནས་འདོད་པ་བརྟན་པོ་བྱེད་ངེས། དེ་འདྲའི་མི་བུ་སྒེར་ཞིག་གིས་ཡིད་ཆེས་དང་ལྟ་བ། ཆོས་ཚོགས་ཀྱི་སྒྲོམ་གཞི་དེ་ནས་ཕ་རོལ་བརྒལ་ནས་རླབས་ཆེན་གྱི་བསམ་གཞིག་ཅིག་འཚོལ་ཞིབ་བྱེད་ངེས། དེ་ནི་གསར་བརྗེ་ངོ་མ་དེ་རེད། གང་ཡིན་ཞེ་ན། གསར་བརྗེའི་རྣམ་པ་རེ་འགའ་ཆ་མ་ཚང་བ་ཡིན་པས། ཟློག་ཏུ་མེད་པའི་དཀའ་ངལ་མང་པོ་ཞིག་གསར་དུ་བསྐྲུན་པ་རེད། ཡིན་ནའང༌། དཀོན་མཆོག་དང་དྲང་བདེན་ནི་ཅི་ཞིག་ཡིན་མིན་གྱི་མངོན་གྱུར་བྱེད་པ་དེ་ནི་ཡ་ལན་ཆ་ཚང་བ་ཞིག་ཡིན་པ་མ་གཏོགས་ཡ་ལན་ཕྱོགས་ཙམ་ཞིག་མིན་ནོ།།
9)It is only the religious man
that can bring about a fundamental revolution, but the man who has a belief, a
dogma, who belongs to any particular religion, is not a religious man. The
religious man is he who understands the whole process of so-called religion,
the various forms of dogma, the desire to be secure through certain formulas of
ritual and belief. Such an individual breaks away from the framework of
organized religion, from all dogma and belief, and seeks the highest; and it is
he who is truly revolutionary because every other form of revolution is
fragmentary and therefore inevitably brings about further problems. But the man
who is seeking to find out what is truth, what is God, is the real
revolutionary because the discovery of what is truth is an integrated
response and not a fragmentary response.
༡༠༽སེམས་རང་ངོས་ཀྱིས་བཀག་རྒྱ་དེ་རྟོགས་པ་དང་དེ་ལ་བརྟེན་ནས་དེའི་བཀག་རྒྱ་ལས་རང་དབང་ཐོབ་སྲིད་དམ། སེམས་ཀྱི་བཀག་རྒྱ་ནི་སྤྱི་ཚོགས་དང༌། ཆོས་ལུགས། སློབ་གསོ། རིག་གཞུང་སྣ་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་དང༌།རང་ཉིད་གང་ཞིག་འགྱུར་འདོད་ཀྱི་འདུན་པ་རིང་མོས་ཀྱང་གྲུབ་པ་རེད། འདུན་པ་རང་ཉིད་ནི་ང་ཚོ་མི་རེ་རེ་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་སྤྲད་པས་དཔེ་མཚོན་ཙམ་ཞིག་རེད། འདིར་མི་བུ་སྒེར་ཞིག་གིས་རང་ཉིད་ཀྱི་ཆེད་དུ་སྤྱི་ཚོགས་ཁྲོད་དུ་བསྐྲུན་པའི་དཔེ་མཚོན་ཞིག་ཀྱང་ཡོད་དོ།།
10)Is it possible, then, for the
mind to be aware of its own conditioning and thereby bring about freedom from
its conditioning? The mind's conditioning is imposed by society, by the various
forms of culture, religion, and education, and also by the whole process of
ambition, the effort to become something, which is itself a pattern imposed on
each one of us by society, and there is also the pattern which the individual
creates for himself in his response to society.
༡༡༽ ད་ལྟ། ང་ཚོ་མི་བུ་སྒེར་ཞིག་གི་ངོས་ནས་བལྟས་ན། ང་ཚོའི་སེམས་ལ་བཀག་རྒྱ་ཐེབས་ཡོད་པ་དེ་སེལ་ཐུབ་པ་ཡིན་ནམ། ད་དུང༌། བདེན་པ་ནི་ཅི་ཞིག་ཡིན་མིན་གྱི་མངོན་གྱུར་བརྒྱུད་ནས་ཚད་བཀག་འདི་རྣམས་ལས་བརྒལ་ནས་སེམས་ལ་རང་དབང་ཞིག་ཐོབ་སྲིད་པ་ཡིན་ནམ། རྒྱུ་མཚན་གང་ཡིན་ཞེ་ན། ངའི་བསམ་ཚུལ་ལྟར་ན་སེམས་ལ་བཀག་རྒྱ་ཡོད་པ་དེ་ལས་བསམ་པ་རང་དབང་ལྡན་པ་ཞིག་མིན་ན། ང་ཚོའི་སྤྱི་ཚོགས་ཀྱི་དཀའ་རྙོག་དང༌། མི་ཕན་ཚུན་བར་གྱི་རྩོད་རྙོག འཛམ་གླིང་གི་དམག་འཁྲུག ད་དུང་གཞན་གྱི་སྡུག་བསྔལ་རྣམས་རྡབ་འགྱུར་གྱི་ཇེ་མང་དུ་འཕེལ་རྒྱས་སུ་འགྲོ་བ་གཏན་འཁེལ་རེད། དེ་འདྲའི་གནས་ཚུལ་འཛམ་གླིང་སྒང་དུ་ཏག་ཏག་འབྱུང་བཞིན་ཡོད། དེ་ཡང་ང་ཚོ་མི་བུ་སྒེར་ཞིག་གི་འཚོ་བའི་ཁྲོད་དུ་འབྱུང་བར་མ་ཟད། ང་ཚོས་བརྗོད་བཞིན་པའི་སྤྱི་ཚོགས་ཀྱི་མི་སྡེ་ཞིག་དང་མི་བུ་སྒེར་རྐྱང་ཞིག་གི་བར་དུ་ཡང་འབྱུང་བཞིན་ཡོད།
11)Now, can we as individuals be
aware of our conditioning, and is it possible for the mind to break down all
this limitation so that it is free to discover what is truth? Because
it seems to me that unless we do free the mind from its conditioning, all our
social problems, our conflicts in relationship, our wars and other miseries,
are bound to increase and multiply - which is exactly what is happening in the
world, not only in our private lives, but in the relationship between
individuals and groups of individuals which we call society.
༡༢༽རྒྱུ་རྐྱེན་དེ་དག་ལ་བསམ་གཞིག་ཞིབ་མོ་བྱས་ཤིང༌། དེའི་གལ་གནད་ཡོད་དོ་ཅོག་ཁོང་དུ་ཆུབ་པ་དང་བཀག་རྒྱ་དེ་ལས་རང་སེམས་རྟོགས་སྲིད་པ་ཡིན་ནམ། ཡང་ན། བཀག་རྒྱ་དེ་ལས་སེམས་ལ་བཅིངས་གྲོལ་ཞིག་བྱེད་སྲིད་དམ། རྒྱུ་མཚན་གང་ཡིན་ཞེ་ན། གསར་གཏོད་རང་བཞིན་ལྡན་པའི་སེམས་ཀྱི་ཆོས་ཉིད་དེ་རང་དབང་ཁོ་ནའི་ཁྲོད་དུ་འབྱུང་བ་ཡིན་མོད། འོན་ཀྱང༌། རང་དབང་ནི་གང་ཞིག་ལ་ལད་ཟློས་ཀྱི་རྣམ་འགྱུར་དེ་མིན་ནོ། །རང་དབང་ནི་བསམ་པ་དྲ་རུ་ཚུད་པའི་བཙོན་ཁང་ནང་གི་ལད་ཟློས་ཀྱི་རྣམ་འགྱུར་དེ་ཡང་མ་རེད། དེ་འདྲའི་དྲ་རུ་ཚུད་པའི་བསམ་པ་ནི་བྲན་གཡོག་གི་ཁ་གཏད་ནི་དེ་བས་ཀྱང་མ་རེད། རང་དབང་ནི་ཀུན་སློང་ཞིག་མིན་ལ།བདེན་པ་དང་དཀོན་ཅོག་འཚོལ་བཞིན་པའི་སེམས་དེར་ཁྱེད་ཀྱིས་མིང་ཅི་ཞིག་བཏགས་རུང༌། སེམས་རང་ཉིད་ལ་ཀུན་སློང་ཞིག་མི་ལྡན་པ་གཏན་འཁེལ་ཡིན། ང་ཚོ་མི་མང་ཤོས་ཞིག་ལ་ཀུན་སློང་ཞིག་ཡོད་པ་ཡིན་སྟབས། ང་ཚོས་རང་ཉིད་ཀྱི་འཚོ་བ་དང་ཤེས་ཡོན། བྱ་བཞག་སྣ་མང་ཁྲོད་དུ་ཅི་ཞིག་སྒྲུབ་རུང༌། ང་ཚོའི་རྣམ་འགྱུར་ནི་ཀུན་སློང་ཞིག་ལ་གཞིར་བཞག་པ་རེད། དེ་འདྲའི་ཀུན་སློང་ཞིག་ནི་”རང་འགུལ་གཏོར་བཤིག”་ཡིན་ལ་དེ་མིན་”རང་འགུལ་རྒྱ་སྐྱེད”་གང་རུང་ཞིག་ཡིན་དགོས། ང་ཚོའི་སེམས་ལ་རྒྱལ་ཁབ་སྔོན་ཐོན་དུ་འགྲོ་བ་དང་མི་བུ་སྒེར་ཞིག་ལེགས་འགྲུབ་འབྱུང་བའི་ཕྱིར། ཡང་ན། དགྲ་ཡི་ཉེན་ཁ་དང་བྲལ་བར་བཀག་རྒྱ་ཡོད་པར་བརྟེན། སེམས་འདི་འཆིང་བ་འདི་དག་ལས་བཅིངས་གྲོལ་དང་རྟོག་པ་སེལ་ནུས་སམ།
12)Taking that whole picture into
consideration and knowing all the significance of it, is it possible for the
mind to be aware of its conditioning and liberate itself? Because it is only in
freedom that there can be creativeness, but freedom is not a reaction to
something. Freedom is not a reaction to the prison in which the mind is caught;
it is not the opposite of slavery. Freedom is not a motive. Surely, the mind
that is seeking truth, God, or whatever name you like to give it, has
no motive in itself. Most of us have a motive because all our life, in our
education and in everything that we do, our action is based on a motive, the
motive either of self-expansion or self-destruction. And can the mind be aware
of and liberate itself from all those bondages which it has imposed upon itself
in order to be secure, to be satisfied, in order to achieve a personal or a
national result?
༡༣༽ངས་བསམ་ན་བདག་གིས་གླེང་བཞིན་པའི་གསར་བརྗེ་ནི་བསམ་པ་ཧ་ཅང་ཞི་བ་དང་བརྟན་ལྷིང་ངང་གནས་སྐབས་འབྱུང་སྲིད་པ་ཞིག་ཡིན་མོད། འོན་ཀྱང༌། སེམས་ཀྱི་ཞི་བ་ནི་རྩོལ་བ་གང་རུང་ལ་བརྟེན་ནས་བྱུང་བ་མིན་ཞིང༌། བསམ་གཞིག་གི་བརྒྱུད་རིམ་ཡོངས་རྫོགས་རྟོགས་པར་བྱ་བའི་བརྒྱུད་རིམ་དེ་སེམས་ཀྱིས་རྟོགས་སྐབས་སེམས་ཀྱི་ཞི་བ་ནི་རང་བཞིན་དང་བག་ཕེབས་ངང་ནས་འབྱུང་བ་ཡིན། དེར་བརྟེན། རང་དབང་གི་མགོ་འཛུགས་ས་ནི་རང་ངོ་འཕྲོད་པ་ཡིན་ལ། རང་གིས་རང་ལ་རང་ངོ་འཕྲོད་པ་ནི་ང་ཚོའི་ཉིན་རེའི་འཚོ་སྡོད་ཀྱི་འབྲེལ་ལམ་ཁྲོད་དུ་མངོན་གྱུར་བྱེད་པ་མ་གཏོགས་འཚོ་བའི་ཕྱི་ལོགས་ཤིག་ནས་འབྱུང་བ་ཞིག་མིན། དེ་བས་འབྲེལ་ལམ་ནི་མེ་ལོང་ཞིག་དང་འདྲ་སྟེ། དེ་འདྲའི་མེ་ལོང་ནང་དུ་འཁྱོག་བཤད་གང་རུང་དང་བྲལ་ནས་ང་ཚོ་རང་ཉིད་དངོས་སུ་མཐོང་ཐུབ། དོན་དངོས་སུ་རང་ངོ་འཕྲོད་པ་དེ་བརྒྱུད་ནས་ང་ཚོ་ནི་ཅི་ལྟ་བུ་ཞིག་ཡིན་པ་གསལ་བོ་མཐོང་བཞིན་ཡོད། ལྟ་ཚུལ་དང་འགྲེལ་བཤད་གང་རུང་གི་འཁྱོག་བཤད་དེ་བྲལ་སྐབས་ད་གཟོད་བསམ་པ་དེ་ཞི་བ་དང་བརྟན་ལྷིང་འབྱུང་མོད། འོན་ཀྱང༌། སེམས་ཀྱི་བརྟན་ལྷིང་དེ་འཚོལ་སྒྲུབ་བྱེད་མི་ནུས་ལ། མུ་མཐུད་དུ་རྒྱུན་འཁྱོང་ཡང་བྱེད་མི་ནུས། གལ་ཏེ། ཁྱེད་ཀྱིས་སེམས་ཀྱི་བརྟན་ལྷིང་དེ་གསར་དུ་བསྐྲུན་པ་དང་རྒྱུན་མཁྱོང་བྱེད་སྐབས། དེ་ལ་སེམས་ཀྱི་ཀུན་སློང་ཞིག་ལྡན། དེ་འདྲའི་སེམས་ཀྱི་བརྟན་ལྷིང་དེ་ནམ་ཡང་བརྟན་ལྷིང་མ་རེད། གང་ཡིན་ཞེ་ན། དེ་ནི་དུས་རྒྱུན་དུ་གང་ནས་གང་ཞིག་ཏུ་ཁ་ཕྱོགས་པའི་འགུལ་བསྐྱོད་ཅིག་རེད།
13)I think the revolution of
which I am talking is possible only when the mind is very quiet, very still.
But that quietness of the mind does not come through any effort - it comes
naturally, easily, when the mind understands its own process of action, which
is to understand the whole significance of thinking. So the beginning of
freedom is self-knowledge, and self-knowledge is not in the withdrawal from
life but is to be discovered in the relationships of our everyday existence.
Relationship is the mirror in which we can see ourselves factually, without any
distortion, and it is only through self-knowledge, seeing ourselves exactly as
we actually are, undistorted by any interpretation or judgment, that the mind
becomes quiet, still. But that stillness of mind cannot be sought after, it
cannot be pursued; if you pursue and bring about stillness of mind, it has a
motive, and such stillness is never still because it is always a movement
towards something and away from something.
༡༤༽དེར་བརྟེན། འདིར་བསམ་གཞིག་གི་བརྒྱུད་རིམ་ཡོངས་རྫོགས་རྟོགས་པའི་རང་ངོ་འཕྲོད་པ་ཁོ་ནར་བརྟེན་ནས་རང་དབང་ལྡན་པ་ཡིན་པས། དེང་གི་དུས་འདིར་ང་ཚོའི་བསམ་གཞིག་ནི་བཀག་རྒྱ་ཡོད་པའི་སེམས་ཀྱི་ཡ་ལན་ཞིག་དང་རྣམ་འགྱུར་ཙམ་ཞིག་ཏུ་སྣང༌། འདི་འདྲའི་བསམ་གཞིག་གཞི་རྩར་བཞག་པའི་བྱ་སྤྱོད་གང་རུང་ཞིག་ནི་རྐྱེན་ངན་ཚབས་ཆེན་ཁྲོད་དུ་འབྱུང་བར་གཏན་འཁེལ་རེད། དཀོན་མཆོག་དང་དྲང་བདེན་ནི་ཅི་ཞིག་ཡིན་མིན་མངོན་གྱུར་བྱེད་པར་སེམས་ཀྱིས་སེམས་རང་ཉིད་ངེས་པར་དུ་རྟོགས་དགོས། དེའི་དོན་ནི་རང་ངོ་འཕྲོད་པའི་དཀའ་ངལ་ཡོངས་དང་བསྟུན་དགོས་པར་བསྟན་པ་རེད། འདིར་གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་གསར་བསྐྲུན་བྱེད་པར་གསར་བརྗེ་ཆ་ཚང་བ་ཞིག་ཡོད་པར་བརྟེན། དེ་འདྲའི་གསར་གཏོད་རང་བཞིན་ལྡན་པ་ནི་དཀོན་མཆོག་དང་དྲང་བདེན་ནི་ཅི་ཞིག་ཡིན་མིན་གྱི་གོ་རྟོགས་དེ་ཡིན་ནོ།།
14)So there is freedom only
through self-knowledge, which is to understand the total process of thinking.
Our thinking at present is merely a reaction, the response of a conditioned
mind, and any action based on such thinking is bound to result in catastrophe.
To discover what is truth, what is God, there must be a mind that has
understood itself, which means going into the whole problem of self-knowledge.
Only then is there the total revolution which alone brings about a creative
release, and that creative release is the perception of what
is truth, what is God.
༡༥༽ངས་བསམ་ན་རྩ་བའི་གནད་དོན་མང་པོ་ཞིག་དུས་རྒྱུན་དུ་དོགས་འདྲི་གནང་རྒྱུ་ནི་གལ་ཆེན་རེད་མོད། འོན་ཀྱང༌། ང་ཚོས་རྩ་བའི་གནད་དོན་ཞིག་ལ་དོགས་འདྲི་གནང་སྐབས། ང་ཚོ་མང་ཆེ་པས་དྲི་ལན་ཞིག་འཚོལ་བཞིན་ཡོད། འདིར་མི་ཚེ་ལ་རེད་དང་མ་རེད་ཅེས་པའི་དྲི་ལན་ཞིག་མེད་པ་ཡིན་སྟབས་དྲི་ལན་དེ་ནི་འགྱུར་བ་མེད་པའི་ཕྱིའི་རྣམ་པ་ཙམ་ཞིག་རེད། མི་ཚེ་ནི་མཐའ་དང་བྲལ་བའི་འགུལ་བསྐྱོད་ཅིག་ཡིན་པས། མཐའ་དང་བྲལ་བའི་མི་ཚེ་འདིའི་གནས་བབས་ཡོད་དོ་ཅོག་ཐུན་མོངས་མ་ཡིན་པའི་མི་ཚེ་ཟེར་བའི་ཆོས་ཉིད་འདིའི་ཁྲོད་དུ་འཚོལ་ཞིབ་བྱེད་པར་རྩ་བའི་གནད་དོན་མང་པོ་ཞིག་ངེས་པར་དུ་དོགས་འདྲི་གནང་དགོས། དོགས་འདྲི་གནང་རྗེས་དྲི་ལན་རེག་པ་ཙམ་གྱིས་འདོད་བློ་ནམ་ཡང་ཁེངས་མི་ཉན། དེ་ལྟར་དྲི་ལན་དེ་རྣམས་ཀྱིས་གཅིག་བྱས་ན་འདོད་བློ་ཁེངས་སྲིད་པ་ཡིན་སྟབས། ཁྱེད་ལ་དྲི་ལན་ཞིག་རེག་པའི་སྐད་ཅིག་མ་དེའི་རིང་ལ་སེམས་དེ་མཇུག་སྡོམ་རྒྱབ་འདུག་ལ། མཇུག་སྡོམ་ནི་མི་ཚེ་མིན་ལ། མཇུག་སྡོམ་ནི་བག་ལ་ཉལ་བའི་སེམས་ཀྱི་གནས་བབས་ཤིག་རེད། རྒྱུ་མཚན་དང་རིག་པ་ཅི་ཞིག་ལྡན་རུང༌། ཅི་ཞིག་གལ་ཆེན་ཡིན་པ་དེ་ལ་ཡང་དག་པའི་གནད་དོན་ཞིག་དོགས་འདྲི་གནང་བ་དང་དྲི་ལན་ཙམ་གྱིས་འདོད་བློ་ནམ་ཡང་ཁེངས་མི་ཉན་པ་དེ་རེད། རྒྱུ་མཚན་གང་ཡིན་ཞེ་ན། དོགས་འདྲི་ངོ་མ་དེ་མཐའ་མའི་མཇུག་སྡོམ་དང༌། དྲི་ལན།
ངག་གི་བརྗོད་ཚུལ་ལས་བརྒལ་ནས་ཡོད་པ་རེད། གནད་དོན་ཞིག་ལ་དོགས་འདྲི་གནང་བའི་སེམས་དེ་ནི་ངག་ཚིག་ཅིག་དང་འགྲེལ་བཤད་ཅིག་གིས་འདོད་བློ་ཁེངས་ནས་ཕྱིའི་སྣང་ཚུལ་ཙམ་དུ་ལྷག་ཡོད། རྩ་བའི་གནད་དོན་ཞིག་ལ་དོགས་འདྲི་གནང་བའི་སེམས་ཁོ་ན་དེ་ལ་མཐའ་མའི་གནད་དོན་དེར་མཇུག་སྡོམ་རྒྱག་པའི་ནུས་པ་དང་ལྡན་པ་རེད། དེ་འདྲའི་ནུས་པ་དང་ལྡན་པའི་སེམས་ཁོ་ན་དེ་ཡིས་བདེན་པ་ནི་ཅི་ཞིག་ཡིན་མིན་འཚོལ་ཞིབ་བྱེད་ཐུབ།།
15)I think it is always important
to ask fundamental questions, but when we do ask a fundamental question, most
of us are seeking an answer, and then the answer is invariably superficial
because there is no yes or no answer to life. Life is a movement, an endless
movement, and to inquire into this extraordinary thing called life, with all
its innumerable aspects, one must ask fundamental questions and never be
satisfied with answers, however satisfactory they may be, because the moment
you have an answer, the mind has concluded, and conclusion is not life - it is
merely a static state. So what is important is to ask the right question and
never be satisfied with the answer, however clever, however logical, because
the truth of the question lies beyond the conclusion, beyond the
answer, beyond the verbal expression. The mind that asks a question and is
merely satisfied with an explanation, a verbal statement, remains superficial.
It is only the mind that asks a fundamental question and is capable of pursuing
that question to the end - it is only such a mind that can find out what
is truth.
No comments:
Post a Comment