མི་ཚེ་ནི་འཚོ་གནས་ཀྱི་ཆེད་དུ་རེད།
སུ་ལྦན་མེ་བྷུ་རམ་སྒྲེ་ཡིས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
༡༽ ང་ཚོ་ནི་འགྲོ་བ་མི་རེད། ང་ཚོས་རང་ཉིད་ལ་འགྲོ་བ་མི་རུ་འབོད་དོན་ཅི་ཞིག་ཡིན་ནམ། ང་ཚོས་རང་ཉིད་ལ་འགྲོ་བ་མི་རུ་འབོད་པའི་རྒྱུ་མཚན་ནི་ང་ཚོ་ལ་དུད་འགྲོ་རྣམས་ལས་ཕྱིའི་ཆགས་དབྱིབས་མི་འདྲ་བ་ཞིག་དང་ནང་བསམ་བློའི་རང་བཞིན་མི་འདྲ་བ་ཞིག་ལྡན་པ་རེད། འོན་ཀྱང༌། ཕྱིའི་ཆགས་དབྱིབས་འདིའི་ཆ་ནས་ང་ཚོ་ནི་གཅིག་མཚུངས་ཀྱི་དངོས་པོ་ཞིག་སྟེ། འགྲོ་བ་མིའི་ཅི་ཞིག་ལོངས་སུ་སྤྱོད་བཞིན་པ་དེ་དུད་འགྲོས་ཀྱང་ལོངས་སུ་སྤྱོད་བཞིན་ཡོད་དོ།།









